ཡུམ་ཆེན་གྱི་བཀའ་དྲིན།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཡུམ་ཆེན་གྱི་བཀའ་དྲིན།

ཡོང་ཁུངས། :   རྩོམ་པ་པོ། : བསོད་ནམས་མཚོ་མོ།  ཀློག་གྲངས །: སྤེལ་དུས། : 2020-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      འཇིག་རྟེན་སྟེང་གནས་པའི་སྐྱེ་བོ་ཚང་མར་ཤ་ཚ་ཞིང་བྱམས་བརྩེ་ལྡན་པའི་རང་རང་གི་ཡུམ་ཆེན་མའི་དྲོ་སྐྱིད་དང་བྱམས་སྐྱོང་ཚད་མེད་ཐོབ་ཡོད་པ་སྨྲོས་ཅི་དགོས།BEY智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

      ཨ་མ་ཞེས་པའི་ཡིག་འབྲུ་གཉིས་པོ་དེ་ངའི་དྲན་ཤེས་ཀྱི་ཡོལ་བའི་ངོས་སུ་འཆར་ཐེངས་རེར་དཀའ་སྡུག་གི་འཚོ་བའི་ནང་དུའང་རང་གི་སེམས་ནང་དགའ་ཚོར་དང་།    དྲོ་སྐྱིད་ཀྱི་ཚོར་བ་ཞིག་ཅིག་ཅར་དུ་འཆར་འོངས།  ཨ་མ་ལགས་ཁྱེད་ནི་ངའི་སེམས་ཀྱི་མེ་ལོང་ངོས་ནས་ནམ་ཡང་ཡལ་ཐབས་མེད་པའི་ཉི་མ་ཡིན།BEY智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

      སྐབས་རེར་མུན་པའི་ཡོལ་བས་ས་གཞི་སྒྲིབ་བའི་མཚན་མོར་ཡང་ཁྱིམ་མི་གཞན་རྣམས་དྲོ་ཞིང་སྐྱིད་པའི་རང་མལ་དུ་གཉིད་ཀྱི་བདེ་བར་ཡུར་བའི་དུས་ཁྱེད་གཅིག་པུར་དེ་འདྲའི་སྐལ་བ་ག་ལ་ཡོད་དེ།   ཆུང་དུས་པྲ་ཚགས་ཆེ་བ་དང་ངུ་རྒྱུ་ལ་དགའ་བའི་བུ་ཕྲུག་ངས་ཁྱོད་རང་སྐུ་ངལ་གསོ་རུ་མ་བཅུག་པར་རྙོག་དྲ་རྗོགས་རྒྱུ་མེད་པ་བཟོས་པ་གྲངས་ལས་འདས།   དེ་དུས་སུ་ཁྱེད་ཀྱིས་ཁོང་ཁྲོ་དང་སུན་སྣང་གང་ཡང་མེད་པར་སྔར་བཞིན་ངང་རྒྱུད་རིང་བའི་སྒོ་ནས་ང་རྒྱབ་ཏུ་འཁུར་ཏེ་ཕར་ཚར་འཆམ་ཞིང་།  ཞལ་ནས་ང་རང་གཉིད་ཁུག་ཐབས་ཀྱི་གླུ་ཆུང་ལེན་སྙན་མོའི་དབྱངས་ལ་གུག   དེ་ལྟར་ལོ་ཟླའི་གོམ་བགྲོད་རེ་རེ་ལ་ཁྱེད་ཀྱིས་ངའི་བཙོག་གཅིན་གྱིས་ཚོས་པའི་ཆབ་གདན་ལེབ་མོ་དེ་དག་ཉིན་རེར་ཐེངས་གྲངས་ཅི་ཙམ་བཀྲུས་པ་བགྲང་པར་དཀའ། ད་དུང་ཁྱེད་ཀྱིས་སོ་སོའི་བུ་རང་ཉིད་ཇི་བཞིན་རྨོངས་པར་ལུས་སུ་བཅུག་མ་འདོད་པར་ང་རང་ལོ་བདུན་ཙམ་དུ་སོན་ཙམ་སློབ་གྲྭར་སྐྱེལ་ནས་ཤེས་བྱ་ཡོན་ཏན་སྦྱོང་བའི་སྐལ་བ་བཟང་པོ་བསྩལ།  BEY智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

       ཨ་མ་ལགས།    ད་དུང་ངས་དྲན་གསལ་ལྟར་ན།  ང་རང་འཁྱར་འཁྱོར་ངང་སློབ་གྲྭར་བསྐྱོད་པའི་ལོ་གཉིས་པ་དེ་ལོ་མཇུག་གི་ཉིན་ཞིག་ང་ལས་གཟུགས་སྟོབས་ཆེ་བའི་སློབ་ཕྲུག་ཁ་ཤས་ཀྱིས་དོན་མེད་ཉེས་རྡུང་བཏང་།  བུ་ཆུང་ངས་ངུ་བཞིན་ཁྱེད་ལ་ཞུ་སྐབས་ཁྱོད་ཀྱི་་འདྲེན་བྱེད་ནས་ཀྱང་མིག་ཆུ་བརྡོལ་བཞིན་དུ་གསུངས་དོན།  ང་ཚོ་ཁྱིམ་ཚང་ན་ངེད་མ་སྨད་གཉིས་ལས་མེད་པས་གཞན་གྱིས་མཐོང་ཆུང་བྱེད་སྲིད།  དེས་ན་ཁྱོད་ཀྱིས་དེ་རིང་ནས་བཟུང་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་ཏེ།  རྗེས་སུ་གཞན་གྱི་བརྙས་བཅོས་འཁུར་མི་དགོས་བ་ཞིག་བྱ་དགོས་ཞེས་གསུངས་བྱུང་། BEY智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

      ཨ་མ་ལགས།   ད་ལྟ་བུ་ཆུང་ང་ཁྱེད་དང་ཁ་བྲལ་ཡང་ཁྱེད་ཀྱིས་གསུངས་མྱོང་བའི་བཀའ་མོལ་དེ་སེམས་ལ་དྲན་ཚེ་ལེགས་བཤད་ཚིག་དུམ་གཅིག་རང་རེད་འདུགBEY智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

     ཨ་མ་ལགས།    བྱམས་ལྡན་གྱི་ཡུམ་ཆེན།  ཁྱེད་ནི་ངའི་མི་ཚེའི་ལམ་སྟོན་སྒྲོན་མེད་དང་མ་འོངས་འཚོ་བ་གསར་པར་བསྙེགས་པའི་སྟོབས་ཤུགས་འབའ་ཞིག་ཡིན།   ངས་ངེས་པར་དུ་ཡུམ་ཆེན་ཁྱེད་ཀྱི་རེ་བ་དང་རང་ཉིད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཤེས་བྱ་ཡོན་ཏན་གྱི་གནས་ལ་ཉ་མོ་ཆུ་ལ་སྐྱེལ་བ་ལྟར་འབད་བརྩོན་ལྷོད་མེད་བྱེད་དགོས།BEY智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论