ང་ཡི་ཨ་མ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ང་ཡི་ཨ་མ།

ཡོང་ཁུངས། :   རྩོམ་པ་པོ། : ཚེ་རིང་ཆོས་འཛོམས།  ཀློག་གྲངས །:372 སྤེལ་དུས། : 2020-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        བདག་གི་ཨ་མ་ལགས་ད་ལྟ་དགུང་ལོ་བཞི་བཅུ་ལ་སོན་ཡོད།  ཨ་མའི་གཤིས་རྒྱུད ་བལ་ལས་འཇམ་ཞིང་ངང་རྒྱུད་ཆུ་བོ་ལས་རིང་། སྐུ་གཟུགས་སྦོམ་ལ་ངོ་གདོང་ནག་པས་དེ་ཙམ་མཛེས་པོ་མེད་ནའང་སེམས་ནི་གངས་རི་ལྟར་དཀར་བས་ཁྱིམ་མཚེས་ཀྱིས་མི་ཚང་མས་ཁོ་མོ་ལ་གུས་བཀུར་ཆེན་པོ་བྱེད་པ་དང་བདག་གི་སེམས་སུའང་བདག་གི་ཨ་མ་ནི་འཇིག་རྟེན་འདིར་ཆེས་མཛེས་སྡུག་ལྡན་པའི་བུད་མེད་ཅིག་ཡིན།Iqd智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

       ང་ཡི་ཨ་མ་ནི་ལམ་ལས་མི་ཞིག་ཡིན།  ཨ་མ་ཡིས་དཀའ་སྡུག་ལས་གསོག་པའི་དངུལ་གཅིག་ཀྱང་རང་ཉིད་ཀྱིས་སྤྱོད་མི་ཐུབ་པར་ང ་ལ་སློབ་ཡོན་སྤྲད་གྱིན་ཡོད། ཡིན་ནའང་བུ་ཆུང་ངས་ཨ་མས་དཀའ་སྡུག་མི་རྟོགས་པར་སློབ་ཆུང་གི་དུས་སུ་བདག་ནི་མ་རབས་པྲ་ཚགས་ཀྱི་ལས་ལ་དགའ་བ་ལས་སློབ་སྦྱོང་ལ་གཏན་ནས་མི་དགའ་པས་རྒྱུགས་ལེན་ཐེངས་རེར་ཨ་མས་མིག་ཆུ་མང་པོ་བཏོན་གྱིས་ཡོད།   ཨ་མས་ང་ལ་སློབ་གསོ་ཅི་ལྟར་རྒྱབ་ནའང་ངས་གཅིག་ཀྱང་ཉན་མ་མྱོང་།  ཕ་མའི་སློབ་གསོ་དང་དགེ་རྒན་གྱི་སློབ་ཁྲིད་ལ་མི་ཉན་པའི་བུ་ཕྲུག་ང་རང་གི་གཤིས་ཀ་སྡུག་པས་རྒན་གྱིས་ནམ་ཡང་གཤེ་གཤེ་གཏོང་བ་ལས་འཛུམ་མདངས་གཏན་ནས་བསྟན་མ་མྱོང་།Iqd智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

      སློབ་འབྲིང་ལོ་རིམ་དང་པའོ་ཟླ་རྒྱུགས་ལེན་ཚར་རྗེས་ང་རང་གི་རྒྱུགས་འབྲས་འཛིན་གྲྭའི་ནང་ཆེས་ཐ་མ་ཡིན་པས་ཨ་མས་ང་ལ་ཞུ་བ་བྱས་ཏེ་མིག་ཆུ་ལྷུང་བྱུང་།   ཉིན་དེར་བདག་གི་སེམས་གཏིང་ནས་ཨ་མས་བདག་ལ་བཅངས་པའི་རེ་བ་དང་བདག་གི་ཆེད་དུ་སེམས་ཀྱི་ཁུར་རོ་ལྕི་མོ་ཞིག་འཁུར་ཡོད་པ་རྟོགས །   དེ་ནས་བཟུང་བདག་གིས་སློབ་སྦྱོང་ལ་འབད་པ་བྱས་ཏེ་ཨ་མར་དགའ་སྤྲོའི་འཛུམ་མདངས་ལས་སྡུག་བསྔལ་མི་སྟེར་བའི་དམ་བཅའ་བཞག    ཉིན་དེ་ནས་བཟུང་བདག་གིས་འབད་བརྩོན་ལ་བརྟེན་ནས་སློབ་སྦྱོང་ལ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སུ་ཡོང་ལ་ཀུན་སྤྱོད་སོགས་ཕྱོགས་གང་ཐད་ནས་དགེ་རྒན་དང་ཕ་མས་བསྟོད་བསྔགས་བྱེད་ས་དང་སློབ་གྲོགས་ཚོས་མིག་དཔེ་ལྟ་བའི་སློབ་མ་བཟང་པོ་ཞིག་ཏུ་གྱུར།    Iqd智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
0人参与,0条评论