བདག་གི་འདུན་པ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

བདག་གི་འདུན་པ།

ཡོང་ཁུངས། :   རྩོམ་པ་པོ། : བདེ་སྐྱིད་ལྷ་མོ་ཆུང་བ།  ཀློག་གྲངས །: སྤེལ་དུས། : 2020-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     དང་ཐོག་ང་རང་ཀ་ཁ་ཙམ་ཡང་མི་ཤེས་པ་ནས་བཟུང་དགེ་བའི་བཤེས་གཉེན་གྱི་བྱམས་བརྩེའི་བཀའ་དྲིན་གྱིས་བསྐྱངས་བྱུང་།  གལ་སྲིད་དགེ་བའི་བཤེས་གཉེན་མེད་ན་བློ་རིག་གི་མུན་པ་སུ་ཡི་སེལ།  འཇིག་རྟེན་གྱི་འགྲོ་ལུགས་སུ་ཡིས་སློབ། བཤེས་གཉེན་ཁོང་གིས་སློབ་ཁྲིད་སྟེགས་བུའི་སྒང་ནས་ང་ཚོར་ཤེས་རིག་གི་བདུད་རྩི་འཛད་མེད་བྱིན།།0Fi智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

     དགེ་བའི་བཤེས་གཉེན་ལགས།  ཁྱེད་ཀྱི་གཞན་ཕན་ལྷག་བསམ་དག་པའི་སྙིང་སྟོབས་དེར་ངས་མིག་དཔེར་བཟུང་ནས་དུས་རྟག་ཏུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་རིག་པའི་གནས་ཀུན་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སྦྱང་པ་བྱེད་ཀྱི་ཡིན།    ང་ཚོས་ནམ་ཡིན་ཡང་ཁྱེད་ཀྱི་བཀའ་དྲིན་བརྗེད་མི་སྲིད་ལ།  ཁྱེད་ནི་ང་ཚོའི་སེམས་ནང་གི་འོད་ཟེར་སྟོང་ལྡན་གྱི་ཉི་མ་ལྟ་བུ་ཞིག་ཡིན།།0Fi智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

     བདག་གི་གུས་པར་འོས་པའི་དགེ་བའི་བཤེས་གཉེན་ལགས།  ཁྱེད་འདྲ་བའི་དགེ་བའི་བཤེས་གཉེན་མང་པོས་ང་དང་ང་འདྲ་བའི་བུ་ཕྲུག་མང་དག་ཅིག་སྨག་རུམ་གྱི་མུན་ཁང་ནས་བཏོན་ཏེ་ཤེས་རིག་གི་ཐང་ཆེན་ཡངས་པོར་ཁྲིད་གནང་བས།  ཁྱེད་ནི་ང་ཚོའི་ལམ་སྟོན་གྱི་སྒྲོན་མེ་དང་དྲིན་ཆེན་གྱི་ཕ་མ་ཡིན།  ངས་ཀྱང་ཁྱེད་ཀྱི་རླབས་ཆེའི་བྱ་སྤྱོད་དེར་སློབ་སྦྱོང་བྱས་ནས།  ཁྱེད་དང་འདྲ་བའི་དགེ་བའི་བཤེས་གཉེན་ཞིག་བྱེད་ཐུབ་རྒྱུ་ནི་ཁོ་མོའི་སེམས་ཁོང་ཀྱི་འདུན་པ་ཉག་ཅིག་དེ་ཡིན།།0Fi智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

ལོ་རིམ།      ལོ་རིམ་དྲུག་པ།0Fi智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

སློབ་མ།    བདེ་སྐྱིད་ལྷ་མོ་ཆུང་བ།0Fi智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

མཛུབ་ཁྲིད་དགེ་རྒན།    ནོར་བུ།0Fi智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

དཔྱད་བརྗོད་པ།    རིག་ཞེན་སྲི་ཐར།0Fi智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

               ༢༠༡༧ལོའི་ཟླ་བ་༣་ཚེས་༢༠ཉིན།0Fi智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论