ཁ་བྲལ་སོང་བའི་དྲིན་ཆེན་གྱི་ཨ་མ།  
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཁ་བྲལ་སོང་བའི་དྲིན་ཆེན་གྱི་ཨ་མ།  

ཡོང་ཁུངས། : དྲ་རྒྱ   རྩོམ་པ་པོ། : ཨུ་དཔལ་སྐྱིད།  ཀློག་གྲངས །: སྤེལ་དུས། : 2021-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།
knd智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
རྩོམ་བྱང་། ཁ་བྲལ་སོང་བའི་དྲིན་ཆེན་གྱི་ཨ་མ།  

མིང་།ཨུ་དཔལ་སྐྱིད།knd智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

སློབ་གྲྭ།  ཆ་ཚང་གསུམ་པ།knd智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

འཛིན་གྲྭ། དྲུག་བཞི།knd智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

      ང་ཡི་དྲིན་ཆེན་ཨ་མ་ནི་ང་ཚོ་དང་ཁ་བྲལ་ནས་ལོ་འགའ་འགོར་སོང་། ང་རང་སེམས་སྡུག་ནས་མིག་ཆུ་གཏོང་བ་ད་ལོ་རེད། དེའི་རྒྱུ་མཚན་ནི། ང་ཡི་དྲིན་ཆེན་ཨ་མ་དེ་ང་ཚོ་དང་ཁ་བྲལ་བའི་ཉིན་དང་པོར་གཉེན་ཉེ་རྣམས་ཀྱིས་མིག་ཆུ་རྒྱུན་མི་ཆད་པར་འདོན་བྱུང་།             སྐབས་དེར། ངའི་ཨ་མ་མཐོང་རྒྱུ་མི་འདུག   ཡིན་ནའང་། ངས་རྒྱུ་མཚན་ཅི་ཡིན་མི་ཤེས་ནའང་། ང་རང་ཉིད་ཀྱང་ངུས་ནས་བསྡད།       དེ་ནས་རིམ་བཞིན་ཉི་མ་མང་པོ་ཞིག་སོང་བ་ན། ང་ཡི་ཨ་མ་ད་དུང་མཐོང་རྒྱུ་མི་འདུག   ངས་སྐབས་དེར་དྲིན་ཆེན་ཨ་མ་ཧ་ཅང་དྲན་བྱུང་།  ང་ལོ་བཅུ་གསུམ་ལ་ལོན་དུས་འཆི་བ་ཟེར་བ་དེ་དེ་ཙམ་གྱིས་མི་ཤེས།  knd智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

     འོན་ཀྱང་། ད་ལོ་ངས་འཆི་བ་ཟེར་བ་དངོས་གནས་ཤེས་བྱུང་། གལ་སྲིད་མི་ཞིག་ཡང་ན་སྲོག་ཆགས་གང་་ཡིན་ཡང་འཆི་བ་ཟེར་བ་དེ་འཕྲད་སྲིད། དེའི་གཏན་དུ་རང་གི་ཁྱིམ་ཚང་དང་རང་གི་བུ་ཕྲུག་རྣམས་ཡོད་ཚད་བསྐྱུར་ནས་འགྲོ་དགོས་པ་དང་།  དུས་ནམ་ཡང་ཕྱིར་ལོག་པ་མི་སྲིད་དོ། །ང་ཡི་དྲིན་ཆེན་ཨ་མ་ནི་ང་ཚོ་དང་ཁ་བྲལ་སོང་། དུས་གཏན་དུ་ཁ་བྲལ་སོང་། ད་སྐབས་བསམ་བློ་རེ་བཏང་ན། ང་ཡི་ཁྱིམ་ཚང་དེ་ཁ་ཁ་བྲལ་སོང་བ་དང་ཕྱིན་ཆད་འཛོམས་ཐབས་མེད། སྐད་ཆ་མི་བཤད་པར་བསྡད་ནས་བསམ་བློ་བཏང་ན། ངོ་མ་ངུ་རྒྱུ་ཡོང་བ་དང་། སྔོན་ཆད་ཀྱི་འདས་དོན་ཡིད་ལ་དྲན།  knd智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

      སྐབས་དེར། ངའི་རྨི་ལམ་ནང་དུ་ང་ཡི་དྲིན་ཆེན་ཨ་མ་དེ་མ་གསོན་ནས་བསྡད་ཡོད་པ་དང་། ངས་ཨ་མར་བརྗོད་མི་ཚར་བའི་སྐད་ཆ་ཞིག་ཤབ་ཤུབ་ཏུ་སྨྲ་བཞིན་སེམས་སུ་དགའ་སྤྲོའི་ངང་བསྡད་ཡོད། གཉིད་ལས་སད་པ་ན། ཨ་མ་ཤིག་གང་ན་ཡོད། སྔར་བཞིན་ང་རང་ཁེར་རྐྱང་རེད།knd智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

      ཨ་མ་ལགས། ང་རང་ནུས་མེད་ཡིན་པས་ཁྱེད་ལ་དྲིན་ལན་འཇལ་མ་ཐུབ། ཁྱེད་རང་བཀའ་དྲིན་ཆེ། ཁྱེད་ཀྱིས་ང་ལ་གཅེས་སུ་འོས་པའི་ཚེ་སྲོག་འདི་གནང་བ་རེད། ངའི་རླབས་ཆེན་གྱི་མ་ཡུམ། དྲིན་ཆེན་གྱི་ཨ་མ་བཀའ་དྲིན་ཆེ།      knd智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论