ཕ་མའི་བཀའ་དྲིན།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཕ་མའི་བཀའ་དྲིན།

ཡོང་ཁུངས། : དྲ་རྒྱ   རྩོམ་པ་པོ། : ཚེ་དབང་དཔལ་མཚོ  ཀློག་གྲངས །: སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།
      དུས་བཞི་ལང་ཚོའི་ཉམས་རུང་། ཁྱེད་ཀྱི་ལྷག་བསམ་དཔྱིད་ཡིན། ཁ་བ་བུ་ཡུག་འཚུབ་ཀྱང་། ཁྱེད་ཉིད་སྦྲང་ཆར་ཡིན་ནོ།e4r智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
      བདག་ནི་གཡང་དཀར་ལུག་གི་འབའ་སྒྲའི་ཁྲོད་དུ་འཚར་ལོངས་བྱུང་བ་ཡིན་ལ།དྲིན་ཆེན་ཕ་མའི་ཐུགས་ཁུར་ཟབ་མོའི་འོག་ལག་བརྐྱངས་ནས་གོས་དང་ཁ་གདངས་ན་ཟས་ཞེས་པ་ཡིན།ཁྱེད་ཉིད་ནི་ཞོགས་པའི་ཉི་གཞོན་ཇི་བཞིན་གཟི་བྱིན་དྲོད་མོ་ཕངས་མེད་བདག་ལ་སྟེར།ཡུན་རིང་མངལ་གྱི་སྨག་རུམ་དུ་ལུས་པའི་ཚེ་སྲོག་ཕྲ་མོ་དེ་ཟླ་དགུ་ཞག་བཅུའི་རྗེས་སུ་ཨ་མར་འབྲེལ་བའི་ལྟེ་ཐག་བཅད་པའི་ངུ་སྐད་ཐོག་མ་མཆེད་པ་ནས་བཟུང་འཇིག་རྟེན་འདིའི་པང་བར་ལྷུང་བས།རིམ་བཞིན་ལུས་ཀྱི་སྐྱེ་སྟོབས་འཕེལ་ཐུབ་པ་བྱུང་།དེར་བརྟེན་ཁྱེད་ཉིད་ཀྱི་བཀའ་དྲིན་ནི་རི་རབ་ལས་དཔངས་མཐོ་ཞིང་།རྒྱ་མཚོ་ལས་གཏིང་ཟབ་པས་ནམ་ཡང་བརྗེད་པ་ག་ལ་སྲིད།e4r智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
      ལྗོན་པའི་ལོ་འདབ་གཡོ་བའི་སྒྲ་ཤག་ཤག་ཏུ་བསྒྲགས་ཤིང་དུས་ཀྱི་འཁོར་ལོས་གར་གྱི་སྟངས་སྟབས་ངོམ་ཞོར་ཤེས་བྱའི་ནོར་བུའི་རྒྱུད་མངས་དཀྲོལ་བས།བདག་གི་ཡིད་སེམས་དབང་མེད་དུ་འགུགས་སོང་།དུས་དེ་ནས་བཟུང་ཁྱེད་ཀྱི་ཁ་ཆར་སེར་གསུམ་ལུས་ལ་གྱོན་སྟེ་ཚ་རེག་གྲང་གསུམ་གདོང་གིས་བསུ་བ།ཁྱེད་ཀྱི་རྒྱབ་གཟུགས་ནི་ངའི་ཤེས་བྱའི་ལམ་བུ་ཁྲོད་ཀྱི་དྲོད་ཁོལ་དྭངས་མ་ཡིན་ལ།མདུན་བསྐྱོད་ཀྱི་སྒུལཤུགས་ཀྱང་ཡིན།ལོ་ཟླའི་འཁོར་བསྐྱོད་ཀྱི་འགྲོས་མགྱོགས་ཤིང་འཇོན་ནུས་ཀྱི་གཤོག་རྩལ་ཅི་ཡང་ངོམས་པའི་སྤྱི་ཚོགས་འོག་དྭངས་སེམས་སད་ཀྱིས་བཅོམ་པའི་སློབ་བུ་འགའ་བྱམས་སེམས་བྲལ་ལ་ཁོག་རྒྱ་ཆུང་བའི་སྐབས། ཁྱེད་ཀྱི་འཇམ་ལྡན་བལ་བཞིན་ཞི་བའི་སློབ་གསོ་དང་།གདུག་རྩུབ་སེར་བཞིན་དྲག་པའི་སྡིགས་མ་བྱེད་པ་མ་ཟད་།ད་དུང་རྒྱུན་དུ་རྟ་རྒོད་ཁྲིད་ན་མཐུར་མདའ་རིང་དགོས། སྡེ་འགོ་བཟུང་ན་ཁོག་རྒྱ་ཆེ་དགོས་ཞེས་གསུངས་མྱོང་།རེད་ལགས།ཁྱེད་ཀྱི་བསླབ་བྱ་ནི་བདུད་བརྩི་སྨན་མཆོག་ཇི་བཞིན་བདག་གི་ཐོས་འཛིན་གྱི་སྒོ་མོ་ཡངས་པོར་ཕྱེས་ལ།ཁྱེད་ཀྱི་བསླབ་བྱ་ནི་བཅུད་ལྡན་སྤྲིན་གྱི་མེ་ཏོག་ཇི་བཞིན་བདག་གི་སེམས་འདུན་གྱི་ཞིང་ས་གཤིན་པོར་བབས་པས།རེ་བ་ཁྲི་ཕྲག་གི་མྱུ་གུ་ཅི་ཡང་རྒྱས།སྤྱི་སེམས་ཆེ་ལ་སྒེར་སེམས་བྲལ་བའི་བདག་བས་གཞན་གཅེས་ཀྱི་གཤིས་རྒྱུད་བདོག་པའི་ཡབ་ཡུམ་གཉིས་ལགས། འཛམ་གླིང་ཉི་ཟླ་ཟུང་བཞིན་སྤྲིན་མེད་ནམ་མཁའི་དབྱིངས་སུ་མངོན་པར་འཆར་བའི་སྐབས།དྲོད་འཇམ་བསིལ་སྣང་སྦྱིན་པའི་བུ་ལ་ནམ་ཡང་བདེ་སྐྱིད་རྫོགས་ལྡན་གྱི་འཚོ་བའི་ལོངས་སྤྱོད་གང་མང་བསྐྲུན།
མུན་སེལ་ཁྲི་གདུགས་ཉི་མ།ཆུ་ལྷའི་ཕག་ནས་ཡལ་དུས།e4r智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ཞལ་འཛུམ་གསེར་གྱི་གཟི་བྱིན།ཁྱེད་ཉིད་ཡིན་ན་བསམ་བྱུང་།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论