དགུན་དུས་ཀྱི་ཕ་ཡུལ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

དགུན་དུས་ཀྱི་ཕ་ཡུལ།

ཡོང་ཁུངས། : དྲ་རྒྱ   རྩོམ་པ་པོ། : ཚེ་དབང་དཔལ་མཚོ།  ཀློག་གྲངས །: སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།
      གོ་ལ་ཟླུམ་པོའི་དབུ་རྒྱན་དུ་གྱུར་བའི་གནས་མཆོག་སྰ་ལའི་སྨན་ལྗོངས་འདིར། སྒུར་དུད་འགྲོ་རྣམས་ཀྱི་ཞིང་ཁམས་ཀེར་གདོང་དམར་བོད་ཀྱི་ཁྱིམ་གཞིས་ཡིན་པས།བསོད་ནམས་ཀྱི་སྐལ་ཐོབ་པའམ་དྲིན་ཆེན་ཕ་མའི་་བཀའ་དྲིན་འོག་བདག་ལ་གནས་མཆོག་འདིར་དྲིན་ཆེན་མི་ལུས་ཐོབ་པའི་སྐལ་བ་ལྡན་པར་གྱུར།arq智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
      གསན་དང་།དྭངས་གཙང་གི་མཁའ་དབུགས་ཁྲོད་ལས་སྙན་སེང་སེང་གི་རྫི་གླུ་ཁྱབ་ཅིང་ཀུན་ཕན་གྱི་ཆོས་སྒྲ་བསྒྲོགས།གཟིགས་དང་།རྨོངས་སེལ་གྱི་ཉི་གཞོན་འཕྲོ་ཞིང་བག་གིས་ཉལ་བ་ནི་གཞན་མ་ཡིན་ཏེ།དེ་ནི་བདག་གི་ཚེ་སྲོག་གི་འབྱུང་གཞི་ཕ་ཡུལ་སྲིབ་མདའ་གཡང་ལྡན་ཕྱུག་མོ་ཡིན།དུས་བཞི་འགྱུར་ལྡོག་ཁྲོད་དུ་ཕ་ཡུལ་གྱི་ལང་ཚོ་ཡང་གསར་དུ་ངོམ་ཞིང་དེ་ཡང་བདག་གི་ཁྲ་ཆུང་མིག་གི་སྤྱོད་ཡུལ་དུ་གྱུར་བ་ནི་ཕ་ཡུལ་གྱི་དགུན་དུས་ཀྱི་རྣམ་པ་ཡིན།དཔྱིད་ཀྱི་ཕོ་ཉའི་མགྲིན་འགྱུར་རིམ་བཞིན་འགག་པའི་སྐབས་དགུན་རླུང་གྲང་མོས་འུར་འུར་གྱི་ང་རོ་ངོམ་ཞིང་མི་ཡུལ་ལ་ཕེབས།ལང་ཚོ་དར་ལ་བབ་པའི་དགུན་ཟླའི་གཞོན་ནུས་སྤྲོ་སྐྱིད་ཁེངས་པའི་གླུ་དབྱངས་ལེན་བཞིན་ཕྱོགས་བཞིར་རྩེད་མཆོང་བྱེད།ལྟོས་དང་།རི་ལུང་ཐང་གསུམ་ལས་དངུལ་དཀར་གྱི་ཞབས་རྗེས་འཇོག་ཞིང་དྭངས་གཙང་གི་ཆུ་ཕྲན་སྟེང་ལ་འཁྱགས་དར་གྱི་ཟམ་པ་བཙུགས་སོང་བས་མི་རྣམས་ལ་ཆུ་བོའི་ཕ་རོལ་དུ་འགྲོ་བར་སྟབས་བདེ་བསྐྲུན་པ་མ་ཟད་ད་དུང་ལོ་ཆུང་བྱིས་པ་རྣམས་དགའ་སྐྱིད་འབྱུང་གཞིའི་རྩེད་ར་ཞིག་ཏུ་གྱུར་ཏོ།རྨི་ལམ་སྒྱུ་མའི་ཞིང་ཁམས་ནས་ཐར་བའི་སྐབས་སུ་བདག་གི་མིག་ལམ་ལ་དངུལ་དཀར་གྱི་ན་བཟའ་བཀླུབས་པའི་བརྗིད་ཆགས་ས་འཛིན་ལས་ཁྱེད་ལ་ཕྱི་གསལ་ནང་གསལ་གྱི་སྣང་བ་སྟེར་ངེས་རེད།སྐབས་འདིར་མི་རྣམས་ཀྱིས་རང་ཁྱིམ་གྱི་སྒོ་རའི་ཁ་བ་ཕྱགས་པ་དང་པྲ་ཚགས་ཅན་གྱི་བྱིས་པ་འགས་སྐབས་འགར་ཁ་བས་མི་བཟོ་བ་དང་།སྐབས་འགར་ཁ་བས་རི་མོ་འབྲི་བ་་་་་་་་arq智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
      ཀྱེ།དགུན་དུས་ཀྱི་ཕ་ཡུལ་ལགས། ཁྱེད་ཀྱི་འུར་འུར་གྱི་གླུ་སྒྲ་རེ་རེས་བདག་ལམདུན་བསྐྱོད་ཀྱི་སྙིང་སྟོབས་སྦྱིན།གངས་ཆུའི་ཟེགས་མ་རེ་རེས་ཕ་ཡུལ་གངས་ལྗོངས་ཀྱི་སྦུབས་སུ་འཐིམས་ཤིང་།སྤྲིན་དཀར་གྱི་འདབ་མ་རེ་རེས་བདག་ལ་མཚར་སྡུག་གི་རྨི་ལམ་གནང་། གལ་ཏེ་ཁྱེད་ཀྱི་བརྩི་བཅུད་མེད་ན།དཔྱིད་ཀྱི་དཔལ་མོའི་འཛུམ་མདངས་རྒྱས་མི་སྲིད་ལ་དབྱར་ཁའི་མེ་ཏོག་གི་དྲི་བསུང་འཐུལ་མི་སྲིད་པས།ཁྱེད་ཀྱི་འགྱུར་མེད་ཀྱི་རང་གཤིས་ནི་ནམ་ཡང་སྲིད་པའི་རྒྱན་ཆ་རུ་ངོམ།
arq智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
 
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论