ཕ་མའི་བཀའ་དྲིན།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཕ་མའི་བཀའ་དྲིན།

ཡོང་ཁུངས། : དྲ་རྒྱ   རྩོམ་པ་པོ། : ནོར་བུ་ཚེ་རིང་།  ཀློག་གྲངས །: སྤེལ་དུས། : 2021-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།
མི་རྒས་ནས་སེམས་རྒྱ་ཆུང་དུས་སུ།  སེམས་མ་དཀྲུགས་མ་མཉམ་སློབ་གྲོགས་ཚོ།813智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
དྲིན་ཕ་མ་ཉི་ཟླའི་འོད་སྣང་རེད།   འོད་འཇམ་པོས་བུ་རབ་ཚ་རྒྱུད་སྐྱོང་།
       འཛམ་གླིང་འདིར་ཆེས་རིན་ཐང་བྲལ་བ་ནི་ཕ་མ་རེད་ལ་ཆེས་དྲོད་ཁོལ་ལྡན་པ་ནི་ཕ་མའི་བཀའ་དྲིན་རེད།ང་ཚོ་ནི་ཕ་མའི་བྱམས་བརྩེའི་འོག་ཚེ་སྲོག་གི་མྱུ་གུ་འབུས་ཅིང་ལང་ཚོའི་གཉོམ་ལག་རྒྱས་ཡོད་པས།ཕ་མ་ནི་ང་ཚོའི་ཚེ་སྲོག་གི་འབྱུང་རྩ་ཡིན་ལ་འཚོ་བོའི་བརྟེན་སའང་ཡིན།813智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
      ཕ་མ་ལ་ཉི་མ་ལྟ་བུའི་ནུས་ཤུགས་མེད་ཀྱང་ཉི་ཟེར་ལྟ་བུའི་དྲོད་ཁོལ་ཡོད།ཟླ་བ་ལྟ་བུའི་རང་གཟུགས་མེད་ཀྱང་ཟླ་འོད་ལྟ་བུའི་ལྷག་བསམ་ཡོད།ང་ཚོ་ཆུང་དུས་ནས་ད་ལྟའི་བར་དུ་ཁྲ་ཆུང་མིག་གིས་འཚོས་ཡོད་ལ་དམར་པོ་སྲོག་གིས་བརྐྱངས་ཡོད།དུས་ནམ་ཡང་ང་ཚོར་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས་སྐྱོང་མཛད་ཡོད།ང་ཚོའི་ཆེད་དུ་ཁོང་རྣམ་གཉིས་ཀྱིས་དཀའ་སྡུག་གི་ལོ་ཟླ་གྲངས་མེད་མྱོང་ཡོད་ལ་སྡུག་བསྔལ་གྱི་མིག་ཆུ་གྲངས་མེད་བཞུར་ཡོད་ནའང་།སྡུག་ཡུས་དང་འཁང་ར་ཅི་ཡང་མེད་པར་ང་ཚོའི་མདུན་ལམ་དང་མི་ཚེའི་ཆེད་དུ།རིག་གནས་མེ་ཏོག་བཞད་པའི་སློབ་གླིང་དུ་ཤེས་བྱ་ཡི་འཚོ་བཅུད་ལེན་པར་མངགས།ཕ་མ་རྣམ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་རྒྱབ་ཀྱི་གོས་དང་ཁ་ཡི་ཟས་ཡོད་ཚད་ལ་སེམས་ཁྲལ་བྱས་ཏེ།ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ལས་ལ་བརྩོན་ཕྱིར།ད་ལྟ་ཁོང་རྣམ་གཉིས་ཀྱི་གནག་ལ་སྣུམ་པའི་སྐྲ་ལོ་དང་དཀར་ལ་དམར་མདངས་རྒྱས་པའི་ཞལ་རས།རྒྱས་ལ་དར་བའི་ལུས་སོགས་སྟོན་དུས་ཀྱི་སྡོང་པོ་ཇི་བཞིན་རིམ་བཞིན་རྒུད་བཞིན་འདུག་པ་སྟེ། མགོ་བོའི་དབུ་སྐྲ་ཁ་བའི་ལོ་མས་བཀྲུས་འདུག་ལ་ལུས་ཀྱི་ཡན་ལག་གཞུ་ལྟར་གུག་འདུག  འོན་ཀྱང་རྒྱ་མཚོ་ལྟ་བུའི་བཀའ་དྲིན་ནི་ནམ་ཡང་འཇིག་པ་མེད་ལ།ནུབ་ཁའི་ཉི་མ་ལྟ་བུའི་བརྩེ་སེམས་ནམ་ཡང་ང་ཚོའི་ཕྱོགས་སུ་འཁྲེང་ཡོད།813智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
      ལོ་ཟླ་རྒས་སོང་།ཁོང་རྣམ་གཉིས་ཀྱང་རྒས་སོང་།མི་ཡུལ་འཇིག་རྟེན་འདི་ནས་ཁོང་རྣམ་གཉིས་ཀྱི་དྲིན་ལན་གཞལ་དུ་མེད་པས་ང་ཚོས་ཅི་ནུས་ཀྱིས་ཁོང་རྣམ་གཉིས་ཀྱི་དྲིན་ལན་འཇལ་བར་འབད།
དགུང་ཉི་མ་ཕ་མའི་སེམས་པ་རེད།813智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
དྲོ་ཉི་ཟེར་ཕ་མའི་བཀའ་དྲིན་རེད།813智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
སྐྱིད་ཉི་མ་ནུབ་རིར་བརྒལ་རན་རེད།813智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
བསམ་ཤེས་ན་དྲིན་ལན་འཇལ་རན་རེད།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论