2017ལོའི་གྱེས་བྲལ་གྱི་རྒྱབ་གཟུགས།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

   2017ལོའི་གྱེས་བྲལ་གྱི་རྒྱབ་གཟུགས།

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། :  མདའ་ཅང་ཤེས། རྩེ་ཁོག  ཀློག་གྲངས །:101 སྤེལ་དུས། : 2021-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།
          2017ལོ་ནི་ལས་དབང་ལ་ཁ་ཕྱོགས་མེད་ཅིང་། མིག་ཆུ་ལ་ངུ་སྐད་མེད་པའི་ལོ་ཞིག་རེད། གྱེས་བྲལ་དང་ན་ཟུག་ཕྱོགས་གཅིག་ཏུ་སྤུངས་ནས། རྨི་ལམ་དང་འཛུམ་མདངས་རེ་རེ་རྒྱང་རིང་དུ་བོར་སོང་བའི་ལོ་ཞིག་རེད། ལོ་དེར་ངའི་སྙན་ངག་ཡོད་ཚད་ཀྱི་ཁ་བྱང་ལ་ཀླད་ཀོར་བྲིས་ཤིང་བརྩེ་དུངས་མཐའ་དག་གི་མིག་ཟུང་རླུང་གིས་སྒྲིབ་པའི་ལོ་ཞིག་ཡིན། མདོར་ན། 2017ནི་རྒྱབ་གཟུགས་ཁེར་རྐྱང་ཞིག་གིས་ངའི་ནང་སེམས་ལ་འཇའ་རིས་ཀྱི་མེ་ཏོག་བཞད་པ་ནས་ཞེན་ཆགས་ཕྲ་མོ་ཞིག་གིས་རྣམ་ཤེས་འཁྱག་པས་བསྡམས་པའི་ལོ་ཞིག་ཀྱང་ཡིན།m3a智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
        ལོ་དེར། གྲ་སྒྲིག་ཅི་ཡང་མེད་ནའང་སྐྱོ་བསྔལ་གྱིས་བསྡུས་པའི་འཇིག་རྟེན་ཧྲིལ་བོ་ངའི་མིག་མདུན་དུ་བཙངས་ནས་ཐོན་ཞིང་། འཁྲུལ་སྣང་གི་དྲོད་ཐིག་རེ་རེ་ཡང་དར་ཅིག་ཆུ་མོ་བཞིན་ངའི་བྲང་ཁོག་ནས་ཕྱི་རུ་བཞུར། ཁེར་རྐྱང་གི་མགོ་བོ་དང་ཁར་སྨད་ནས་ཡོད་ཚད་ལ་བསམ་གཞིག་ཅི་ཙམ་བཏང་མཐར། གཏོང་མི་ཕོད་པའི་བརྩེ་དུངས་དེ་ཡང་ང་དང་རྒྱང་ཐག་རིང་བ་ཚོར་ལ། འགྲུབ་དཀའ་བའི་རེ་འདུན་གྱི་ཐག་པ་དེའང་ཧ་ཅང་ཐུང་དྲགས་པ་ཤེས།m3a智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
         ལོ་དེར། མུན་པ་དང་ན་ཚོད་དུས་གཅིག་ཏུ་སྨིན་ཞིང་། ཁ་བ་དང་ཞེན་ཆགས་ཡང་ཕྱོགས་གཅིག་ཏུ་བབས་ནས་ང་རང་ཁད་ཀྱིས་དཀྲོགས། བརྩེ་བ་དང་གྱེས་བྲལ་མཚམས་གཅིག་ཏུ་ཕྱེས་ཤིང་། མི་ཁ་དང་ཕྲག་དོག་ཡང་དཀྱུས་གཅིག་ཏུ་སླེབས་ནས་ང་རང་རྒྱང་དུ་དེད། ཡིན་ནའང། མི་ཡུལ་ནི་སྔར་བཞིན་མི་ཡུལ་ཏེ། དེ་ན་སྡུག་བསྔལ་གྱི་སྨུག་པ་འཐིབས་ཤིང་ན་ཟུག་གི་ཤྭ་འོད་བརྡོལ་ཡོད། དེ་ན་འོ་དོད་ཀྱི་ཆོ་ངེ་འདོན་ཞིང་དྲན་གདུང་གི་མུན་པ་ཤར་ཡོད་པས་སུ་ལའང་ལྡོག་ཐབས་ཅི། མཚམས་རེར། ལས་དབང་ནི་རྨི་ལམ་ཡིན་པའི་འཁྲུལ་བ་སྐྱེས་མྱོང་ལ། དོན་དངོས་ནི་མངོན་སུམ་མ་ཡིན་པའི་རང་མགོ་ཡང་སྐོར་མྱོང་།m3a智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
         ལོ་དེར། ཁོ་མོ་ཞེས་པའི་མིང་ཡིག་གཉོམ་པོ་ཞིག་ངའི་འཇིག་རྟེན་དུ་བགས་ཀྱིས་སླེབས་ཤིང་། ཁོ་མོའི་འཛུམ་མདངས་དང་རྒྱབ་གཟུགས་ཀྱིས་ངའི་ནང་སེམས་ལ་ཉི་འོད་ལྟ་བུའི་དྲོད་འཁོལ་རྒྱས་སུ་བཅུག དེ་ནས་བཟུང་། ཁེར་རྐྱང་གི་ཐ་སྙད་མང་བོས་ཁོ་མོ་མཚོན་པར་བྱས་ཏེ་སེམས་ཀྱི་ཟབ་སར་སྦས། སྟོང་བསམ་གྱི་དྲན་པ་མང་བོས་ཁོ་མོར་ཡང་ཡང་འཕྲད་པའི་སྨོན་འདུན་འཐེན།  སྤོས་རྐང་ཆ་གཅིག་གིས་ལྡོག་ཐབས་མེད་པའི་ལས་དབང་གི་དམ་ཚིག་རིང་མོ་རྒྱང་རིང་དུ་གཏད་ཀྱང་། ཀུ་རེ་དང་ཁྲོ་གཏམ་འདྲེས་པའི་མིག་ཟུང་གི་འོད་ཐིག་དེ་ཚོ་ཡང་མཐར་མག་མོག་ཏུ་གྱུར་ནས་གྱེས་བྲལ་གྱི་གོང་ཁར་ཟགས།m3a智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
          ལོ་དེར། ངག་མ་འཁྲོལ་པའི་མི་གཉིས་ཀྱིས་མགོ་བོ་ནང་དུ་སྒུར་ནས་མིག་མདུན་གྱི་ཅི་ཡང་མཐོང་མ་བྱུང་།  ཕྱིར་དྲན་ལ་ཁ་བྱང་མེད་ཅིང་ཁ་བྱང་མེད་པའི་ཕྱིར་དྲན་གྱིས་ཀྱང་སུ་ཡང་ངོས་མ་ཟིན། ཁ་བ་ཁོ་ནས་ཡོད་ཚད་ལ་མིག་ཆུ་ལྟ་བུའི་ན་ཟུག་བསླངས་པ་བདེན་ནའང་། བར་ཆད་རྐྱང་བས་ལས་དབང་ལ་ཨ་ཐང་ཆད་ཚུལ་ཡང་སུ་ལ་བཤད། མུན་པའི་ངོས་སུ་ལྷག་པ་ནི་ལོ་དང་ཟླ་བ་ཡིན་ལ། ཉིན་དང་མཚན་མོ་ཡང་ཡིན་པས། ལུས་སེམས་གཉིས་ཀ་གྲང་ངར་གྱིས་འཁུམ་པའི་དུས་ཚིགས་དེ་ངས་ནམ་ཡང་བརྗེད་མི་སྲིད།m3a智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
          ལོ་དེར། ས་སྲོད་ཀྱི་མཚམས་སྤྲིན་ཀློང་ན་གནམ་སའི་ཕ་མཐར་དེད་པའི་ཁོ་ཚོ་ནི་རླུང་བུ་ཞིག་དང་འདྲ་བར་གང་སར་ཞོགས། ཁོ་མོས་ས་སྲོད་དེར་མི་གཉིས་ཀྱི་བར་ཐག་ཚིག་གཅིག་གིས་ཀྱང་འགྲོལ་མ་ཐུབ་པའི་ཕངས་སེམས་རུམ་ཞོར། འཇིག་རྟེན་གྱི་ཡོད་ཚད་ནི་རང་དབང་ན་མ་ཡོད་པའི་ཆོས་ཉིད་རྟོགས་སྲིད་ལ། ངོ་ཚར་དོགས་པའི་བྱིས་བློ་ཞིག་གི་ལྐོག་གྱུར་གྱི་གསང་བ་ཡང་ཐེངས་མང་དྲན་སྲིད།m3a智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
           ས་སྲོད་དེར། ངས་བཞི་མདོ་དེ་ནས་ཁོ་མོའི་ཕྱི་མིག་ཅིག་གིས་ཡོད་ཚད་ཞེན་ཆགས་སུ་ཕབ་པའི་རྒྱབ་གཟུགས་ལ་ཅེར་ནས་ཡུན་རིང་ལུས་ཤིང་། རེ་ཞིག ངའི་མིག་ཟུང་གི་འཇིག་རྟེན་ཡོད་ཚད་ཀྱང་རབ་རིབ་ཏུ་གྱུར་ལ། རབ་རིབ་ཏུ་གྱུར་བ་དེ་ཚོ་ཡང་གློ་ཁ་ཞིག་ཏུ་གྱུར་ནས་མཐའ་མེད་པའི་རྩེ་གཞུང་རྩྭ་ཐང་གི་མཚམས་སྤྲིན་ལ་འདྲེས་ཤིང་དེ་ནས་བཟུང་དུས་གཏན་དུ་ཕྱིར་ཡོང་མེད་པར་གྱུར།
                  2021/4/1ཉིན་གྱི་མཚན་མོར།
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
0人参与,0条评论