སྔོན་གྱི་དུས་སུ་ང་ཚོའི་འཚོ་བ་ནི་ཧ་ཅང་དཀའ་སྡུག་ཅན་ཞིག་ཡིན་པས། མེས་པོ་རྣམས་དུད་འགྲོ་དང་མཉམ་དུ་འཚོ་སྡོད་བྱེད་དགོས་ཀྱི་ཡོད། དེ་ནི་ཧ་ཅང་སེམས་སྡུག་དགོས་པའི་གནས་ཚུལ་ཞིག་མ་རེད་དམ། ད་ཆ་ཚན་རིག་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས་ང་ཚོའི་འཚོ་བ་སྐྱིད་པོ་དེ་འདྲ་ཞིག་སྐྱེལ་ཐུབ་པ་བྱུང་ཡོད། ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་སྦྱིན་མཁན་དང་རྨོངས་པའི་མུན་པ་སེལ་མཁན་ནི་ཏང་ཉིད་ཡིན་པས་ང་ཚོས་ཆེན་པོ་ཆགས་རྗེས་མེས་རྒྱལ་གྱི་དྲིན་ལན་འཇལ་ཐུབ་པ་བྱ་དགོས།
ང་ཚོའི་མེས་རྒྱལ་ལ་གཞན་དང་མི་འདྲ་བའི་ཆ་ཞིག་ཡོད་པ་ནི་ང་ཚོའི་མེས་རྒྱལ་གྱི་མི་རིགས་ལྔ་བཅུ་ལྔ་དྲུག་ཕན་ཚུན་མཐུན་སྒྲིལ་དང་མཛའ་མཐུན་མཉམ་གནས་ཐུབ་པའི་དགེ་མཚན་དུ་མ་ལྡན་ཡོད་པས་ང་ཚོས་མེས་རྒྱལ་ལ་དགའ་ཞེན་དང་མཐུན་སྒྲིལ་བྱེད་རྒྱུར་དགའ་བའི་ཀྲུང་ཧྭ་མི་དམངས་ཀྱི་བུ་ཕྲུག་བཟང་པོ་ཞིག་བྱ་དགོས།
ང་ཚོས་མེས་རྒྱལ་ལ་ཞབས་འདེགས་ཞུ་དགོས་ན་ད་ལྟ་ནས་སློབ་སྦྱོང་ལ་འབད་བརྩོན་དང་སློབ་མ་ཕན་ཚུན་མཐུན་སྒྲིལ། སྤྱོད་ལམ་བཟང་བ་སོགས་ཀུན་སྤྱོད་ལྡན་པའི་སློབ་ཞིག་བྱས་ནས་མ་འོངས་མེས་རྒྱལ་འཛུགས་སྐྲུན་ཐད་ཕན་ཐོགས་ཡོད་པའི་མི་སྣ་ཞིག་བྱ་རྒྱུར་འབད་པ་བྱ་དགོས།
མེས་རྒྱལ་མེད་ན་ང་ཚོ་ད་ལྟ་འཚོ་བ་སྐྱིད་པོ་དེ་འདྲ་ཞིག་ཡོང་མི་ཐུབ་ལ་ང་ཚོའི་སློབ་གྲྭ་ཆ་རྐྱེན་ཡག་པོ་དེ་འདྲ་ཡོང་མི་ཐུབ། དེ་བས་ལྟོ་ཆས་ཞིམ་པོ་དེ་འདྲ་དང་ཤིང་ཏོག་དེ་འདྲ་ཟ་རྒྱུ་ཡང་ག་ལ་ཡོད།
ང་ཡི་མེས་རྒྱལ་ང་རང་གི་སེམས་ནང་དུ་ཡོད། ང་རང་ཆེན་པོ་ཆགས་རྗེས་མེས་རྒྱལ་ལ་ཞབས་འདེགས་ཞུ་མཁན་གྱི་མ་ཞིག་བྱ་རྒྱུ་ཡིན། མེས་རྒྱལ། ཨཱ། མེས་རྒྱལ། ཁྱེད་ནམ་ཡང་བདག་གི་སེམས་ནང་ཡོད།
སློབ་མ། ཚེ་རིང་བསམ་གྲུབ།
མཛུབ་ཁྲིད་དགེ་རྒན། གཡུ་སྒྲོན་མཚོ་མོ།
ལོ་རིམ། ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པ།
སློབ་གྲྭ རྒྱ་ཚྭ་རྫོང་ང་རང་གྲོང་རྡལ་སློབ་ཆུང་།
མཛུབ་ཁྲིད་དགེ་རྒན། གཡུ་སྒྲོན་མཚོ་མོ།
ལོ་རིམ། ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པ།
སློབ་གྲྭ རྒྱ་ཚྭ་རྫོང་ང་རང་གྲོང་རྡལ་སློབ་ཆུང་།