བདག་གི་ཨ་མ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

བདག་གི་ཨ་མ།

ཡོང་ཁུངས། :   རྩོམ་པ་པོ། : ལྔ་གཅིག་འཛིན་གྲྭ། ཆོས་འཕེལ་རྡོ  ཀློག་གྲངས །: སྤེལ་དུས། : 2022-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      མི་སུ་ཞིག་གི་ངོས་ནས་བཤད་ནའང་ཨ་མའི་བྱམས་བརྩེ་དང་བཀའ་དྲིན་ནི་རི་རབ་ལས་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ། ཨ་མ་ནི་སྡོང་རྒན་ཞིག་དང་འདྲ་བར་རླུང་ཆེན་དང་དྲག་ཆར་སོགས་གང་ཞིག་ལ་འཕྲད་ནའང་། རང་གི་བུ་ཕྲུག་ལ་བདག་སྐྱོང་བཟང་པོ་བྱེད་པ་རེད། ཐ་ན་རང་ཉིད་བློས་གཏོང་དགོས་ཀྱང་འགྱོད་པ་སྤུ་ཙམ་ཡང་མེད། དེ་དང་འདྲ་བར་རང་ཉིད་ལའང་ཧ་ཅང་གཅེས་པའི་དྲིན་ཆེན་ཨ་མ་ཞིག་ཡོད།  qR4智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

      ངའི་ཨ་མ་ནི་ཚོང་པ་ཞིག་ཡིན་ལ། ད་སྐབས་ལོ་ཞེ་ལྔ་ལས་མ་འདས་མོད། ཨ་མའི་བྱམས་བརྩེའི་གདོང་ལ་རྒས་གཉེར་ཟབ་མོ་ཞིག་བབས་ནས་ཡོད་ཅིང་། ཐ་ན་མིའི་སྔོན་ཆད་ཀྱི་ནག་ཀྱུག་ཀྱུག་གི་སྐྲའི་ཉག་མ་རེ་རེ་ཡང་ད་ནི་དཀར་ཐིག་གི་ཁ་བས་ཡོངས་སུ་གཡོགས་ཡོད། མོའི་དཀའ་སྤྱད་འབད་བརྩོན་གྱིས་ཁྱིམ་གྱི་ས་ལས་རྡོ་ལས་ཚང་མ་མོ་ཁོ་ནའི་བྱེད་དགོས་པ་རེད། དེ་ལྟ་ནའང་ཨ་མས་ང་ལ་བྱམས་བརྩེའི་ངང་ནས་གཅེས་སྐྱོང་ག་འདྲ་བྱས་པ་བརྗོད་མི་ཚར།qR4智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

དབྱར་ཚུགས་སློབ་གྲྭ་འཚོགས་པའི་སྐབས་སུ་ཆར་བ་འབབ་ཐེངས་རེ་རེ་དང་རླུང་བུ་གཡུག་ཐེངས་རེ་རེར་ཨ་མས་རང་ཉིད་ཀྱི་དཀའ་ངལ་ལ་མ་འཛེམས་པར། འཕྲུལ་རྟ་བསྐོར་ནས་ང་རང་སློབ་གྲྭའི་སྒོ་ཁར་སྐྱེལ་བ་དང་ལེན་དུ་ཡོང་བ་རེད།  qR4智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

      ངའི་བརྗེད་དཀའ་བ་ཞིག་ནི། དགུན་ཚུགས་སློབ་སྐབས་ཀྱི་ཁ་བ་འབབ་པའི་ཉིན་ཞིག་ལ། ཨ་མས་ང་རང་ལམ་བར་ནས་གྲང་རྒྱུ་རེད་འདོད་ནས་འཕྲུལ་རྟའི་སྟེང་ལ་བཞག་སྟེ་སློབ་གྲྭའི་སྒོ་ཁའི་བར་སྐྱེལ། དགོང་མོ་ང་རང་ཁྱིམ་ལ་ཡོང་དུས་ཨ་མས་རྐང་པ་གྱོལ་བཞིན་ཡོད་པ་རེད། ངས་སེམས་མ་བདེ་བར་རྒྱུ་མཚན་དྲིས་པ་ན། ཨ་མས་ང་རང་སློབ་གྲྭར་བསྐྱལ་ནས་ཕྱིར་ཡོང་དུས། ཁ་བའི་ནང་ནས་འགྱེལ་ཏེ། ཐང་ལ་བརྒྱབ་པ་རེད་ཟེར། ངས་ཞིབ་ཏུ་བལྟ་དུས་ཨ་མའི་པུས་མོའི་རྐང་སྣམ་ཐེད་ཡོད་པ་དང་། འཕྲུལ་རྟའང་ཅུང་ཙམ་ཆག་སྐྱོན་བྱུང་འདུག། qR4智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

      ངའི་མིག་ནང་ལ་མིག་ཆུ་འཁོར་བཞིན“ཨ་མ་ལགས། སང་ཉིན་ནས་བཟུང་། ཁྱེད་ཀྱིས་ང་རང་བསྐྱལ་མི་དགོས”ཞེས་བཤད་པ་ན། ཨ་མས་ངའི་རེ་བ་དེ་གོ་རྗེས་མགོ་བོ་འཕྲེད་དུ་གཡུག་བཞིན། “ང་ནི་ད་དུང་ལོ་ན་གཞོན་པའི་དཀའ་སྡུག་ཅི་ཞིག་ཡོད་ནའང་ཁུར་ཐུབ་པའི་དུས་སྐབས་ཡིན་པས། ཁྱོད་ཀྱི་སེམས་ཁུར་བྱེད་དགོས་དོན་ཞིག་གང་ནས་ཡིན། ངའི་རེ་བ་ནི་ཁྱོད་ཀྱིས་མུ་མཐུད་དུ་སློབ་གྲྭར་སོང་ནས་སློབ་སྦྱོང་ཡག་པོ་བྱ་རྒྱུ་དེ་ཡིན”ཟེར་བ་ན། སྐབས་དེར་ང་ལ་སེམས་འགུལ་ཆེན་པོ་ཐེབས་ནས་རྒྱུགས་ཐེངས་གཅིག་གིས་ཨ་མའི་སྐེ་ལ་འཐམས་ནས་ངུས་པ་ཡིན་ནོ།།qR4智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

མཛུབ་ཁྲིད་དགེ་རྒན། ཕག་མོ་སྒྲོལ་མ།qR4智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论