བཀའ་དྲིན་གཞལ་དུ་མེད་པའི་ཨ་མ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

བཀའ་དྲིན་གཞལ་དུ་མེད་པའི་ཨ་མ།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ། : གཡུ་འབྲུག་མཚོ་མོ།  ཀློག་གྲངས །: སྤེལ་དུས། : 2024-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།
སྟོང་བའི་དབྱིངས་ན་རྒྱུ་སྐར་ཁྲ་ལམ་ལམ།།

ཆུ་ཤེལ་དཀྱིལ་འཁོར་འདྲ་བ་སུ་ཞིག་མཆིས།།pOm智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

འཇིག་རྟེན་ཁམས་ན་མི་ཚོགས་ཁྲི་མ་འབུམ།།pOm智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

ཡུམ་ཆེན་མ་ལས་ལྷག་པ་སུ་ཞིག་མཆིས།།pOm智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

        སྔོན་བསགས་ལས་ཀྱི་དབང་གིས་བུ་མོ་ང་ལ་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མི་ལུས་རིན་ཆེན་སྦྱིན་བྱུང་ལ། བུ་མོ་ང་རང་ཡུམ་ཆེན་ཁྱེད་དང་འཕྲད་ཅིང་། ཁྱེད་ཀྱི་བྱམས་བརྩེ་ཡི་ཐུ་འོག་ཏུ་འཚར་ལོངས་བྱུང་བ་ཡིན།pOm智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

        ཨ་མ་ནི་འགྲོ་བ་མིའི་རིགས་ཀྱི་སྐྱེད་ཡུམ་ཡིན་ཞིང་། ཨ་མ་ཡོད་པས་དེ་རིང་གི་ང་ཚོ་ཡོད་ལ། ཨ་མ་ཡོད་པས་འགྲོ་བ་མི་བྱུང་བ་ཡིན། འཇིག་རྟེན་གོ་ལ་ཟླུམ་པོ་འདིའི་སྟེང་གི་འོད་སྟོང་འབར་བའི་གཟི་བརྗིད་ཐམས་ཅད་དང་ཡིད་ཆེས་ཀྱིས་ཁེངས་པའི་སྤོབས་པ་ཡོད་ཚད་ཀྱང་དྲིན་ཆེན་མ་ལས་བྱུང་བ་ཡིན། བདག་གི་ཨ་མ་ནི་སྤྱིར་བཏང་གི་བུད་མེད་ཅིག་ཡིན་མོད། འོན་ཀྱང་བུ་མོ་ང་ལ་མཚོན་ཏེ་བཤད་ན་འཇིག་རྟེན་འདིར་ཆེས་མེད་དུ་མི་རུང་བའི་རླབས་ཆེན་གྱི་ཨ་མ་ཞིག་ཡིན། མོ་ནི་ཐོབ་དང་གོ་ས་ཅན་གྱི་དཔོན་མོ་མིན་ལ། ཤེས་ཡོན་གྱི་ལམ་སྣ་དྲངས་པའི་ཡོན་ཏན་པ་ནི་དེ་བས་ཀྱང་མིན། འོན་ཀྱང་ང་ལ་མཚོན་ན་བཀའ་དྲིན་གཞལ་དུ་མེད་པ་ཞིག་ཡིན། pOm智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

        ཐོག་མར་ང་རང་ཟླ་དགུ་ཞག་བཅུར་མངལ་དུ་སྦྲུམ་པ་ནས་བཟུང་། ངའི་གཉོམ་ཆུང་གི་ཚེ་སྲོག་དེ་ལ་གནོད་པར་དོགས་ནས་མོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་འགྲོ་འདུག་སྤྱོད་གསུམ་ལ་ཤིན་ཏུ་གཟབ་ནས་བདེ་བར་སྐྱེས་པ་ཡིན། ད་ལྟ་མོ་ནི་དགུང་ལོ་ཞེ་བདུན་ལ་སོན་ཞིང་། ཆུ་སྐྱེས་དང་འདྲ་བའི་ཞལ་རས་ལ་རྒས་གཉེར་གྱི་རི་མོ་བབས་ཤིང་། གནག་ཅིང་སྣུམ་པའི་སྐྲ་ལོ་ལ་རབ་དཀར་གྱི་མེ་ཏོག་གིས་བརྒྱན་ཏེ་བདག་གི་དྲིན་ཆེན་ཨ་མའི་དར་ལ་བབས་པའི་ལང་ཚོ་ཡལ་དུ་བཅུག་མོད། འོན་ཀྱང་ངའི་མིག་ལམ་དུ་ཨ་མ་ནི་ནམ་ཡང་ལྟ་བའི་ཆོག་མི་ཤེས་པ་ཞིག་ཡིན།pOm智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

        ཐེངས་སྔོན་མའི་དགུན་གནང་གི་གནང་བ་སྟེར་བའི་ཉིན་མོ་དེ་ལ། གདོང་ལ་འཛུམ་གྱི་མེ་ཏོག་བཞད་པའི་བློ་གསལ་སློབ་མ་ཐམས་ཅད་རང་ཡུལ་དུ་ལོགས་གྲབས་བྱེད་བཞིན་ཡོད། ང་རང་ཡང་དེ་མཚུངས་སུ་དངོས་པོ་སོགས་བསྡུ་གསོག་བརྒྱབ་སྟེ་སློབ་གྲྭའི་སྒོ་ཆེན་ཁར་སོང་། གྲལ་བསྒྲིགས་སྐབས་ང་རང་སྔོན་དུ་ཡོད་མོད། འོན་ཀྱང་སློབ་མ་རྣམས་རེ་རེ་བཞིན་སྤྲོ་སེམས་འཁོལ་བའི་ངང་ནས་རང་གི་ཁྱིམ་བདག་དང་བརྩེ་བའི་ཨ་ལོང་སྦྲེལ་ཏེ་ཡུལ་ལ་ཆས། མཇུག་མཐར་ང་གཅིག་པུ་ཁུ་སིམ་མེར་སློབ་རའི་ཁོར་ཡུག་ཁྲོད་ཁེར་རྐྱང་དུ་ལུས། མི་ཚང་མ་གཅིག་རྗེས་གཉིས་མཐུད་ཀྱིས་སོང་ཚར་དུས་ང་རང་སུན་སྣང་དང་ཡིད་སྐྱོ་བའི་བསམ་པ་ཅིག་ཅར་དུ་སྐྱེས། བདག་གིས་དྲན་ཞིང་དུངས་པའི་དྲིན་ཆེན་ཨ་མ་སླེབས་པར་དུས་ཚོད་ཕྱེད་ཀ་ཙམ་ལ་སྒུག་ཀྱང་མ་ཡོང་བས། སྒོ་ཁའི་གྲུ་ཟུར་ཞིག་ཏུ་ཙོག་པུར་བསྡད་དེ་དམར་མདངས་རྒྱས་པའི་མཁུར་ཚོས་མགོ་ནས་དྭངས་གསལ་མཆི་མའི་རྡོག་པོ་ནི་ཕྲེང་ཐག་ཆད་པ་བཞིན་ལྷུང་ནས་འདང་རྒྱག་གི་ནང་དུ་ལྷུང་སྟེ། འཇིག་རྟེན་འདིར་ང་ལ་ཆེས་ཤ་ཚ་བ་ནི་ཨ་མ་ཡིན་ཡང་དེ་རིང་ད་དུང་ང་རང་ལེན་པར་མི་ཡོང་བ་ཅི་ཡིན་པར་བསམ་བློ་གཏོང་དུས། གློ་བུར་དུ་ཨ་མས་ངའི་མིང་ནས་བོས་བྱུང་བས། ང་རང་འཕྲལ་དུ་ཡར་ལངས་ཏེ་ང་རང་འབོད་པའི་ཕྱོགས་སུ་བལྟས་པ་ན་ཨ་མའི་ལུས་ལ་ས་རྡུལ་གྱིས་ཁེངས་ཤིང་། ཞལ་རས་ལ་ཧ་ཅང་ཐང་ཆད་པའི་ཉམས་འགྱུར་དང་བཅས་ཏེ་ང་ལ་ཚུར་ཤོག་ཅེས་པའི་ལག་བརྡ་སྟོན་གིན་ཡོད། ང་རང་བྱ་འཕུར་བ་ལྟར་རྒྱུག་ཐེངས་གཅིག་གིས་ཨ་མའི་སྐེ་ལ་འཁྱུད་པ་ན། མོ་ནི་དབུགས་ཧལ་ཧལ་བྱེད་བཞིན་ངའི་ལག་པར་དམ་པོར་འཇུས་ཏེ་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་ཁྲོམ་རའི་ཟ་ཁང་ཞིག་གི་ནང་དུ་སོང་། རླངས་འཁོར་ལ་སྡོད་སྐབས་ངེད་གཉིས་ཀྱི་བར་ལ་ཁ་བརྡ་ཅི་ཡང་མེད། ཟ་ཁང་ནང་ལ་ཐོན་ཏེ་ངལ་ཅུང་ཙམ་གསོས་པས། མོས་ད་གཟོད་ང་ལ་ཐུགས་རྒྱལ་མ་བཞེང་། ལམ་བར་དུ་རླངས་འཁོར་མང་པོ་འཚང་ཁ་ཤིག་ཤིག་གི་ངང་ནས་ཡོང་བཞིན་ཡོད་པས། ང་རང་རླངས་འཁོར་དུ་བསྡད་དེ་ཡོང་ན་རྗེས་སུ་ལུས་འགྲོ་བས། རླངས་འཁོར་ལས་བབས་ཏེ་རྐང་ཐང་དུ་ཡོང་བ་ཡིན། དངོས་ནས་དགོངས་པ་མ་ཚོམ། བུ་མོ་ཁྱོད་རང་སེམས་ཁུར་ལ་བསྟད་སོང་། རྗེས་ཕྱོགས་ང་རང་མགྱོགས་པོར་ཡོང་ངེས་ཡིན། ཞེས་ཟེར་བས་ང་རང་གི་མགྲིན་པ་བརྣངས་བཞིན་སྐྱོན་མེད་ཅེས་ཟེར་བཞིན་ངུ་ངག་དང་སྐྱོ་བས་མནར་བཞིན་ཨ་མའི་པང་ལ་སྔས་ཏེ་བསྡད། མཚམས་དེར་ཟ་ཁང་གི་ཞབས་ཞུ་བས་ཟ་མ་དཀར་ཡོལ་གང་ཁྱེར་ཡོང་སྟེ་ཅོག་ཙེ་སྟེང་ལ་བཞག ངའི་སེམས་ལ་ཨ་མ་ཧ་ཅང་ལྟོགས་ཡོད་པ་ཁོ་ཐག་ཡིན་པས་མོ་ལ་འཐུང་དུ་འཇུག་དགོས་སྙམ་སྟེ་ཨ་མ་ཁྱེད་ཀྱིས་བཞེས་དང་ང་རང་མི་ལྟོགས་ཞེས་བཤད་པ་ན། མོས་མགོ་བོ་གཡུག་ཞོར་དུ་ང་ལ་ངས་ནངས་ཇ་རྒྱགས་པོ་ཞིག་འཐུང་ཡོད་ཅེས་དཀར་ཡོལ་ངའི་མདུན་དུ་བཞག ངས་མོ་ལ་བཙན་གྱིས་འཐུང་དུ་བཅུག་མོད། འོན་ཀྱང་མི་འཐུང་ཟེར་བས་ང་རང་འུ་ཐུག་ཐབས་ཟད་ཀྱི་ངང་ནས་མི་འཐུང་ག་མེད་བྱུང་། མོས་ཟ་ཁང་གི་སྦྱིན་བདག་ལ་སྒོར་མོ་སྟེར་སྐབས་ལག་ན་སྒོར་ལྔ་བཅུ་མ་གཏོགས་མེད་ན་ཡང་། སྒོར་བཅུ་གཅིག་བླངས་ཏེ་སྦྱིན་བདག་ལ་བྱིན་པ་དང་ལྷག་མ་རྣམས་ང་ལ་བྱིན་ཏེ་ཁྱོད་རང་ལ་མཁོ་བའི་སློབ་སྦྱོང་གི་ཡོ་ཆས་དང་སིལ་ཏོག་འགའ་ཉོ་རུ་སོང་ཟེར། ཆུ་ཚོད་གསུམ་དང་སྐར་མ་ལྔ་བཅུའི་སྟེང་དུ་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སུ་ཤོག་ཟེར་བས། ངས་ཀྱང་ཡ་ལན་སྟེར་ཞོར་ཚོང་ཁང་དུ་སོང་སྟེ་རང་ལ་མཁོ་བའི་དངོས་པོ་ཉོས་ཏེ་སོང་བ་ན་མོས་གནས་དེར་ང་ལ་སྒུག་འདུག ངེད་གཉིས་རླངས་འཁོར་ལ་བསྡད་དེ་བདེ་བླག་ངང་ཡུལ་ལ་ཐོན་སོང་། ཉིན་དེའི་དོན་དག་དེ་ལས་ངས་འཇིག་རྟེན་འདིར་བཀའ་དྲིན་གཞལ་དུ་མེད་པ་ནི་དྲིན་ཆེན་མ་ལོ་ཡིན་པ་ཚོར་བྱུང་ལ། བྱམས་དང་སྙིང་རྗེ་ཅན་དེ་ཡང་ཨ་མ་ཡིན་པ་ཤེས།pOm智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

        ཨ་མ་ལགས། བུ་མོ་ངས་ཆུང་དུས་སུ་ཁྱེད་ལ་མི་དགའ་བའི་རྣམ་འགྱུར་བསྟན་པ་དང་། ཁོང་ཁྲོ་ཡི་མེ་ལྕེ་འབར་དུ་བཅུག་མོད། འོན་ཀྱང་ད་ནས་བཟུང་སྟེ་བུ་མོ་ངས་ཁྱེད་ཀྱི་རི་རབ་ལས་མཐོ་བའི་བཀའ་དྲིན་གཞལ་ཁོ་ཐག་ཡིན། མཐར་ཨ་མ་ཁྱེད་ཀྱི་ལུས་ལ་ན་ཚ་མེད་པ་དང་། ཁ་ལས་རླུང་རྟ་དར་བ། བསམ་དོན་ཡིད་བཞིན་དུ་འགྲུབ་པར་སྨོན།pOm智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

pOm智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

སློབ་རའི་རྩོམ་པ་པོ་གཡུ་འབྲུག་མཚོ་མོ་ནི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྒྱད་གསུམ་འཛིན་གྲྭའི་སློབ་མ་ཡིན།pOm智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论