སྟོང་ལོ་ཉེར་གསུམ་གྱི་ལོ་ཐོ།  
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

སྟོང་ལོ་ཉེར་གསུམ་གྱི་ལོ་ཐོ།  

ཡོང་ཁུངས། :   རྩོམ་པ་པོ། : གཡུང་དྲུང་བཀྲ་ཤིས། དཀར་མཛེས།  ཀློག་གྲངས །: སྤེལ་དུས། : 2024-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།
        ཤེས་རབ་ཀྱི་ཐང་ཆེན་ཡངས་ཤིང་།   བརྩོན་འགྲུས་ཀྱི་རྟ་ཕོ་ལ་སྡུག་རུས་ཀྱི་སྐུལ་ལྕག་མངའ་བའི་མི་བུ་ཞིག་གཞི་ནས་མིན་པས།   འདས་ཟིན་པའི་དུས་ཚོད་མང་པོ་ཞིག་བྱེ་མའི་འཆང་བུ་ལྟར་ཆོ་མེད་པའི་ཀློང་དུ་ཐིམ་ཟིན་པ་དག    ད་ལྟ་ཡིད་ཀྱི་མེ་ལོང་ལས་ཝ་ལེར་ཤར་ན།   འགྱོད་གདུང་གི་སྤྲིན་ནག་ལོང་ལོང་འཁྲིགས་པའང་ཐེངས་གཅིག་མིན།   ད་ནི་ལང་ཚོའི་འདབ་མ་རྣམས་ཀྱང་དུས་བཞིའི་སོ་མཚམས་ནས་རེ་རེ་བཞིན་འཐོར་ཏེ།  དགུ་གསུམ་ཉེར་བདུན་གྱི་ལོ་ཚོད་ལ་སླེབས།    མི་ཚེའི་རེ་འདུན་གྱི་རྡོག་ཁྲེས་འདི་ཞེས་དམིགས་གསལ་ཞིག་བསྟན་ཡུལ་དུ་བྲལ་ཡང་།  དཔེ་ཆ་ཀློག་རྒྱུ་ནི་ཁྱོད་ཀྱི་བྱ་བ་ཞིག་ཡིན་ཞེས་གསུངས་པ་ལྟར།  སློབ་སྦྱོང་ནི་ལུས་དང་གྲིབ་མ་བཞིན་འགྲོགས་དགོས་པའི་དན་རྟགས་ཤིག་རྙེད། Gqn智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
Gqn智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
        ཕྱི་ལོ་ཉིས་སྟོང་ཉེར་གསུམ་ནི།  ངའི་མི་ཚེའི་ཟིན་ཐོའི་སྟེང་བཀོད་ན་འདི་ལྟར་ཏེ།   སྤྱིར་ན་རང་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་དང་། རང་ཉིད་འཇུག་པར་འདོད་པའི་ལས་གཉིས་ཕན་ཚུན་ལྟག་སྤྲོད་དུ་གྱུར་པས།     ལས་གང་ལ་འཇུག་ཀྱང་སྣོད་ཁ་སྦུབས་ལྟ་བུའི་སྐྱོན་རྣམས་འབྱུང་གིན་འདུག    བྱ་བ་གང་ཞིག་སྒྲུབ་ཀྱང་ལུས་ངག་ཡིད་གསུམ་གྱི་མདའ་མོ།   ལས་ཀྱི་འབེན་མིག་ལ་གཟུར་བ་ནི་གནད་དམ་པ་ཞིག་རེད་མོད།   དེང་སང་ཕྱི་རོལ་ཏུ་དབང་ལྔའི་བརྟན་པ་འཕྲོག་པའི་འཕྲུལ་ཆས་ཀྱི་ཡོ་བྱད་ཆར་རྗེས་ཤ་མོང་བརྡོལ་བ་ལྟར་བྱུང་དང་འབྱུང་གིན་འདུག   དུས་ཚོད་མང་པོ་ཞིག་དེ་དག་གི་དབང་དུ་ཤོར་ཏེ།    ཐ་ན་ཉིན་རེའི་ཟས་ཀྱང་དེས་བཅད་འདུག   བར་གསེང་གི་དུས་ཚོད་དག་ཀྱང་དེའི་དབང་དུ་ཤོར།    འདི་ནི་དུས་ཚོད་ལ་འཆར་གཞི་མེད་པ།    ཉིན་མཚན་རེ་རེའི་འཁོར་སྐྱོད་ཁྲོད།    ང་དང་ང་འདྲ་འགན་ལེན་མེད་དོ་ཅོག་གི་དུས་ཚོད་ཀྱི་བཞུར་སྟངས་ཤིག་རེད།   Gqn智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
Gqn智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
        དུས་ཚོད་ལ་འཆར་གཞི་དང་བཀོད་སྒྲིག་ཡོད་ན།   དུས་ཚོད་ཆུད་ཟོས་སུ་མི་འགྲོ་བའི་ཐབས་དམ་པ་ཞིག་རེད་སྙམ།    གལ་ཏེ་དུས་ཚོད་ལ་འཆར་གཞི་སོགས་མེད་ཚེ།   ངས་ཉིན་འདིར་བསྒྲུབ་པར་འདོད་པའི་ལས་ཀ་ལ་འདུན་པ་ཞིག་བདོག་ཀྱང་།    འཆར་གཞི་མེད་ཚེ་དེ་རིང་བྱ་བ་འདི་ངེས་པར་དུ་འགྲུབ་དགོས་སྙམ་པའི་བརྩོན་སེམས་མེད་ལ།   དེ་རིང་བྱ་བ་འདི་མ་འགྲུབ་སྙམ་པའི་འགྱོད་སེམས་དང་སྣང་དོགས་མེད།   དེ་ལྟར་འཆར་གཞི་མེད་པའི་དུས་ཚོད་ཀྱི་ཧྲག་བར་ནས་རྣམ་གཡེང་དང་ལེ་ལོས་མཆེ་སྡེར་གཙིགས་ཤིང་།   ལོང་ཡོད་ཀྱི་དུས་ཚོད་མཐའ་དག་ཁྱུར་མིད་དུ་གཏང་སྲིད།    Gqn智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
Gqn智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
        ཉིས་སྟོང་ཉེར་གསུམ་ནི་སྔར་ལོ་ལྟར་རི་ཁྲོད་ཀྱི་འོས་འགན་སྒྲུབ་ཞོར།   བར་སྐབས་ཁོམ་ལོང་གི་དུས་ཚོད་ལ།    ཐར་ཐོར་གྱི་དུས་ཚོད་ཀྱང་ཟེར་གྱིན་འདུགGqn智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
        ཐར་ཐོར་གྱི་དུས་ཚོད་ཁྲོད་གང་ལ་གང་འཚམ་རེ་དཔེ་ཀློག་བྱས་མོད།   ལོ་མཇུག་ཏུ་སླེབས་དུས།    གྲུབ་འབྲས་འདི་ཞེས་རྡོག་རྡོག་ཅིག་སྟོན་རྒྱུ་མེད་ཀྱང་།    “དཔེར་ན་ད་བར་དུ་རྒྱ་ཟས་དང་བོད་ཟས་གང་མང་ཟོས་མཐར་ལུས་སྟོབས་རྒྱས་པ་ལས།   ཟས་རིགས་འདིས་ང་ལ་འདི་ལྟར་ཕན་ཞེས་བཤད་མི་ཐུབ་པའི་དཔེ་བཞིན་དུ།”    དཔེ་དེབ་སུམ་ཅུ་ལྷག་ལོ་གཅིག་ལ་བཀླགས་ཟིན་པས།   རང་ལ་ཕན་པའི་ཤུགས་རྐྱེན་དང་བག་ཆགས་རེ་ཐེབས་སྲིད་པའོ། །  དེའི་ཕྱིར་དཔེ་ཀློག་ཁྲོད་ཀྱི་དཀའ་ངལ་ནི་གནས་སྐབས་ཙམ་ཡིན་ལ།   ཤེས་ཡོན་མེད་པའི་སྡུག་བསྔལ་ནི་ཚེ་གང་གི་སྡུག་བསྔལ་ཡིན་ཞེས་ཀའོ་ཨེར་ཅིས་ཀྱིས་གསུངས་པ་ལྟར།   ཕྱིར་ཡོང་མེད་པའི་ལོ་ཟླའི་བཞུར་རྒྱུན་ཁྲོད།   ལང་ཚོའི་འདབ་མ་རེ་རེ་བཞིན་ས་རུ་འཐོར་ཡང་།   རྒྱུན་འཁྱོངས་དང་།   སྡུག་རུས།   བརྩོན་འགྲུས་སོགས་ཀྱི་སྲོག་ཤིང་སྔར་ལས་བརྟན་བརླིང་དུ་གནས་པར་འབད་འབུངས་བགྱིས་ཏེ།   ཉིས་སྟོང་ཉེར་གཞིའི་ནང་།   བརྩོན་སེམས་ཀྱི་དངུལ་ཆུས་རེ་འདུན་གྱི་ཞིང་ས་བརླན་པའི་ལས་ལ་བརྟུན་པར་བྱའོ། ། 
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论