ཁྱིམ་གཞི།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ཁྱིམ་གཞི།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་དབང་སྒྲོལ་མ།  ཀློག་གྲངས །: སྤེལ་དུས། : 2021-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་འགའི་སྔོན་ཕ་མ་གཉིས་ཀའི་བར་ལ་ཚིག་རྩོད་བྱུང་སྐབས། ནུ་བོ་སླར་ཡང་ངུས་བྱུང་། བདེ་སྐྱིད་ཀྱིས་ནུ་བོ་ངུ་བཞིན་པ་མཐོང་རུང་། མོ་ནི་གཏན་ནས་ངུ་མ་བསམས་པ་མ་ཟད། མོས་ད་དུང་ནུ་བོ་ལ་མཐོང་ཆུང་བྱ་དགོས་བྱུང་། མོ་རང་ངུ་མི་སྲིད་དེ། ལྷག་པར་ཕ་མ་གཉིས་ཀྱི་མཐོང་ལམ་དུ་ངུ་མི་སྲིད། ཉིན་འདི་འགའི་རིང་གཞིས་ཁྱིམ་དེ་དུ་བ་མ་ཆད་པ་ཙམ་དུ་གྱུར་ཡོད་ལ། ཕ་མ་གཉིས་ཀར་ཁ་བསྲེས་མེད་པས། བདེ་སྐྱིད་དང་ནུ་བོ་གཉིས་ཀྱིས་ཁྱིམ་དུ་གྲག་འགུལ་སློང་བར་སྐྲག་ནས་པྲ་ཆལ་གྱི་བྱ་བ་ཅི་ཡང་མ་བསྒྲུབས་པ་ན། རང་ཁྱིམ་དེ་སྟོང་འཇགས་སུ་ལུས་ཤིང་། སྟོང་འཇགས་ཀྱི་ཀློང་དུ་ད་དུང་འཁྱག་སིབ་སིབ་ཀྱི་འཇབ་རྒོལ་པ་ཞིག་ཁ་རོག་གེར་བསྐུངས་འདུག་པ་དང་འདྲ་སྟེ། བདེ་སྐྱིད་ཀྱིས་རང་སེམས་བློང་བློང་པོར་གཏོང་བའི་སྟོང་འཇགས་དེ་ལ་ཡུན་གྱིས་རྣ་བ་གཏད་ན། ཚོར་བ་སྐྱུར་མོ་ཞིག་སྐད་ཅིག་ཉིད་ལ་གཤེར་གཟུགས་སུ་གྱུར་ཏེ་མིག་ཀོང་ནས་ལུད་འགྲོ་བས། མོས་བརྡ་རྟགས་མེད་ཀྱང་ཁ་པར་དུ་ལྟ་བའམ། དཔེ་ཆ་རེ་བསློགས་ནས་སེམས་སུ་འདུ་འཛི་སློང་ཅི་ཐུབ་བྱས། འོན་ཏེ་མོ་གཏན་ནས་ངུ་མི་སྲིད།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

ལོ་སར་ལ་ཉིན་འགའ་མ་གཏོགས་མི་འདུག དེ་ནི་བདེ་སྐྱིད་ཀྱི་དགའ་སྤྲོ་ཉག་གཅིག་རེད། རྒྱུ་མཚན་ནི་ལོ་སར་བ་ན་མོ་རང་ན་སོ་བཅུ་བདུན་ལ་སོན་པ་ཡིན་པས། དར་མ་རྣམས་ཀྱི་མདུན་དུ་ཆེ་རྟགས་བསྟན་ཆོག བདེ་སྐྱིད་ལ་གཟུགས་རིང་པོ་ཞིག་ཡོད་ལ། མོས་ཀྱང་ལྭ་བ་བབ་ཆགས་རེ་གྱོན་ནས་ནུ་བོ་ཡི་མདུན་དུ་ཆེ་ཚུགས་སྟོན་པར་དགའ་ཞིང་། མོ་རང་ཆེས་ཡིད་སྨོན་སྐྱེ་ས་ནི་ཁྱིམ་མཚེས་རུ་སྐོར་ཚང་གི་ཕུ་བོ་དེ་གསུམ་ཡིན་ཏེ། ཁོ་ཚོ་བདེ་སྐྱིད་ལས་ལོ་གཉིས་གསུམ་གྱིས་ཆེ་ཞིང་། ལོ་འགའི་སྔོན་ལ་ཁོ་ཚོའི་ཕ་མ་གཉིས་འཐོར་རྗེས། ཨ་ཕས་ཁྱིམ་ཐབ་གསར་དུ་བཟུང་བ་ན། ཁོ་ཚོ་དང་ཨ་ཕའི་བར་ལ་འགལ་བ་མང་པོ་ཞིག་བྱུང་བས། ཁོ་ཚོ་མཉམ་དུ་ཁྱིམ་དང་ཁ་བྲལ་ནས་ཕྱིར་ལོག་མྱོང་མེད། མོས་ནམ་ཞིག་མོ་རང་ཡང་ནར་སོན་ནས་རང་ཁྱིམ་འདིར་ཞེན་ཆགས་མེད་པར་ཁ་འབྲལ་ཐུབ་ན་བསམས། རྒྱུ་མཚན་ནི་ཆུང་དུས་ནས་ད་བར་དུ་རང་ཁྱིམ་འདི་ཅིས་ཀྱང་མོའི་ཆེད་དུ་གནས་པ་དང་འདྲ་ལ། མོ་རང་མིན་ན་རང་ཁྱིམ་འདི་སྔ་མོ་ནས་འཐོར་སྲིད་ཅིང་། ཨ་ཕ་དང་ཨ་མ་གཉིས་ཀྱང་རང་རང་སར་གྱེས་ནས་བདེ་སྐྱིད་ཀྱི་འཚོ་བ་གཞན་ཞིག་སྙེག་བཞིན་ཡོད་སྲིད་ལ། འཁོན་འཛིང་དང་མནར་གཅོད་ཁྲོད་དུ་གཞིས་ཁྱིམ་འདི་ཨུ་ཚུགས་ཀྱིས་ཀྱང་སྐྱོང་དོན་མེད། རེད་ཡ། ད་དུང་ནུ་བོའི་ཆེད་ཀྱང་ཡིན་སྲིད། མོས་སྦྱོང་ཚན་ཞིག་འབྲི་བཞིན་དེའི་སྐོར་ལ་བསམ་བློ་འཁོར་ནས་སེམས་པ་རྣམ་གཡེང་དུ་ཤོར། ནམ་རྒྱུན་མོ་རང་འདི་ལྟར་ལྷིང་འཇགས་སྒོས་དཔེ་ཆ་བལྟ་རྒྱུར་དགའ་ཞིང་། དེ་ནི་མོ་རང་རི་ལ་ཟོག་རྫིར་འགྲོ་རྒྱུར་དགའ་བ་དང་འདྲ་སྟེ། ལྷིང་འཇགས་ཀྱི་རི་ལུང་དུ་ཕྱུགས་ཟོག་ལ་ཅེར་ནས་ཉིན་གང་པོར་བསྡད་ཀྱང་སུན་སྣང་མེད་པ་ལྟར། མཚམས་རེར་དེབ་ངོས་སུ་ཅེར་ནས་རྣམ་གཡེང་གི་གཤོག་ཟུང་རིང་དུ་བརྐྱང་རྒྱུར་ཡང་དགའ། གང་ལྟར་གོམས་གཤིས་འདིའི་རྐྱེན་གྱིས་མོའི་སློབ་སྦྱོང་གི་སྦྱངས་འབྲས་སློབ་གྲོགས་གཞན་ལས་ལེགས་པོར་གྱུར་པ་ཡིན།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

“ཨ་ཅེ།དེ་རིང་ཨ་མས་ཨ་ཕའི་ལྭ་བ་བཀྲུས་སོང་། ཨ་ཕས་སྒོ་ཕྱིར་གྲི་རྡར་བཞིན་འདུག་ལ། ཕལ་ཆེར་ཨ་མར་སྔོ་ཚོད་གཙབ་པར་གྲ་སྒྲིག་བྱེད་པ་ཡིན་སྲིད།” ཨ་མ་སྒོར་སོང་རྗེས། ནུ་བོས་མྱུར་མོར་བདེ་སྐྱིད་ཀྱི་རྣ་རྩར་སྐད་ཆ་དེ་ཤབ་ཤུབ་ཏུ་བཤད་རྗེས། མིག་ཟུང་རིག་རིག་གིས་མོའི་རྣམ་འགྱུར་ལ་བལྟས་འདུགK07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

“ཡིན་སྲིད།” མོས་ཇི་མི་སྙམ་པའི་ངང་དེ་ལྟར་བཤད།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

སྤྱིར་ན་མོས“ཡིན་ཡང་། ད་ནངས་ཟོག་ལྷས་སུ་ཁོ་གཉིས་ཀྱིས་སྔར་ལྟར་ཚིག་རྩོད་བྱས་སོང”ཞེས་བཤད་འདོད་མོད། འོན་ཏེ་མོས་ཚིག་འདི་ནང་སེམས་སུ་བསྐྱུར་ནས་ཕ་མ་གཉིས་ཀའི་བྱ་སྤྱོད་ལ་བསམ་གཞིག་བྱེད་པ་ལས་ནུ་བོར་ཅི་ཡང་བཤད་མ་འདོད། དོན་དངོས་སུ་ཕ་མ་གཉིས་ཀྱིས་འཁོན་འཛིང་བྱེད་ཐེངས་རེར། ཁོ་གཉིས་ཀྱི་རྣམ་འགྱུར་དང་བྱ་བྱེད་ལ་བརྟགས་ཏེ། མཇུག་འབྲས་སྣ་ཚོགས་ལ་ཚོད་དཔག་བྱེད་རྒྱུ་དེ་མོ་རང་གི་གོམས་སྲོལ་དུ་ཡང་གྱུར་འདུགK07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

དེ་རིང་ནི་ཚེས་ཉེར་དགུ་རེད། བདེ་སྐྱིད་ཀྱིས་ཀྱང་རི་ན་ཡན་པར་བསྐྱུར་ཡོད་པའི་གཡག་རྒན་གཉིས་དལ་མོར་དེད་ནས་རང་ཁྱིམ་སྙེག་བཞིན་འདུག མོ་རང་ཁྱིམ་དུ་སྔ་མོར་ལོག་འདོད་མེད་པས། གཡག་རྒན་གཉིས་ཀྱི་རྨིག་རྗེས་དེད་ནས་གོམ་པ་དལ་ལྷོད་ལྷོད་ཀྱིས་མདུན་དུ་འགྲོ་བཞིན་ཡོད་ལ། མོ་རང་ནོར་ཁྱུའི་རྗེས་མ་ཆོད་པར་གཡག་རྒན་གཉིས་ཀྱི་གྲིབ་སོ་ཆེན་པོ་དེ་རི་ངོས་ན་ཕར་གཡོ་ཚུར་གཡོ་བྱེད་བཞིན་པའི་ཚུལ་དེ་ནི་ཕྱི་དྲོའི་ལྷགས་རླུང་འདིར་བསྙོན་འཛུགས་པ་དང་འདྲ་མོད། ཡིན་ཡང་ཕྱི་དྲོའི་ལྷགས་རླུང་ནི་དངོས་གནས་གྲང་ངར་ཆེ་སྟེ། མཚམས་སྤྲིན་ལས་འགྱེད་པའི་ཉི་ཟེར་གྱི་དྲོད་ཁོལ་ཡོད་ཚད་གཞོམ་གཞིག་བྱས་ཚར་ནས། འོད་སྣང་ཙམ་ལས་ལྷག་མི་འདུག་པས། བདེ་སྐྱིད་ཀྱི་ནང་སེམས་སུ་ཡང་གྲང་ཞིང་འཁྱག་པའི་ལྷགས་རླུང་ལྡང་བྱུང་།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རི་སྐེད་ཀྱི་དེའུ་འབུར་ཆུང་ཆུང་དེར་སླེབས་དུས། བདེ་སྐྱིད་ཀྱིས་གོམས་སྲོལ་ལྟར་རུམ་ནས་ཁ་པར་བླངས་ཏེ་ཕར་འགྲོ་ཚུར་འགྲོ་བྱེད་ཞོར་བརྡ་རྟགས་བཙལ། དངོས་གནས་བརྡ་འཕྲིན་ཞིག་སླེབས་བྱུང་། མོ་རང་དགའ་སྤྲོ་སྐྱེ་བཞིན་མྱུར་མོར་སྐད་འཕྲིན་དུ་ལྟ་དུས། ཕ་སྤུན་ནུ་མོས་མོ་ལ་བརྙན་ཐུང་ཞིག་བསྐུར་འདུག བརྙན་ཐུང་དུ་མོའི་ཕ་མ་གཉིས་དང་མིང་སྲིང་རྣམས་ཁྱིམ་གཅིག་ཏུ་འཛོམས་ནས་དགུ་ཐུག་སྐོལ་བཞིན་འདུག བདེ་སྐྱིད་དངོས་གནས་ཧ་ལས་སོང་། རྒྱུ་མཚན་ནི་ནུ་མོའི་ཕ་མ་གཉིས་ཀ་འཐོར་ནས་ལོ་ལྔ་འགོར་ཡོད་ལ། མིང་སྲིང་རྣམས་ཀྱང་ཕ་མ་གཉིས་ཀར་སོ་སོར་བགོས་ཡོད། མོས་ཡིད་ཀྱི་དོགས་གཞི་མང་པོ་སེལ་ཆེད་དྲི་བ་འགའ་ཞིག་འདོན་དགོས་སྙམ་སྟེ་ཁ་པར་མཆུ་འགྲམ་དུ་ཁྱེར་ཡོང་དུས། ན་ནིང་གི་བོད་ལོའི་ཉི་ཤུ་དགུའི་ཉིན་ཡང་ཁོ་ཚང་འདི་ལྟར་འཛོམས་ནས་དགུ་ཐུག་རོལ་བཞིན་པ་སེམས་ལ་འཁོར་བ་ན། མོས་གློ་བུར་འདང་ཕོག་སོང་། མོས་ཡང་བསྐྱར་བརྙན་ཐུང་ལ་ཞིབ་ལྟ་ཐེངས་གཅིག་བྱས་པ་ན། བལྟས་ཚོད་ཀྱིས་གཞིས་ཁྱིམ་དེར་འདུ་འཛི་དང་འུར་ཟིང་ཆེ་མོད། བདེ་སྐྱིད་ཀྱི་མཐོང་ལམ་དུ་དེ་དག་ཧ་ཅང་ལྷིང་འཇགས་ཤིག་རེད། དགོད་སྒྲ་དང་ཁྲོག་སྒྲ་སྣ་ཚོགས་ཀྱིས་གཞིས་ཁྱིམ་འདིའི་ལོ་ཟླ་རྒྱུན་མཐུད་ཀྱི་ལྷིང་འཇགས་དཀྲོགས་བཞིན་པ་དང་འདྲ་ལ། ཁོ་ཚོའི་དྲན་པའི་གཏིང་རིམ་ན་ཉར་བའི་བག་ཆགས་ཤིག་སློང་བཞིན་པའམ། ཡང་ན་ཞེ་རྩ་སྨྲེང་བའི་སྐྱོ་སྣང་གང་ཞིག་འགེབས་ཅི་ཐུབ་བྱེད་བཞིན་པ་དང་ཡང་འདྲ་བས། བདེ་སྐྱིད་ཀྱི་མིག་མཐའ་མཆི་མས་བསྐོར་པ་དང་བསྟུན་ནས་བརྙན་ཐུང་དེ་དང་མདུན་ཕྱོགས་ཀྱི་ལམ་བུ་ཚང་མ་རབ་རིབ་ཀྱི་སྐྱོ་སྣང་དུ་སིམ།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

སྐབས་དེར། མོའི་སེམས་སུ་ནུ་བོའི་གློ་མཆིན་འཁྱག་ལ་སྦྱོར་བའི་དྲི་བ་དེ་ཝ་ལེར་ཤར་བྱུང་། ནུ་བོས་དུས་རྒྱུན“གལ་ཏེ་ཕ་མ་གཉིས་འཐོར་ན་ཁྱོད་རང་སུའི་བགོ་སྐལ་བྱེད་སྲིད”ཅེས་འདྲི་སྲིད་ལ། དྲིས་ལན་དེ་བདེ་སྐྱིད་ཀྱིས་ཀྱང་མི་ཤེས་ཤིང་དེའི་སྐོར་ལ་བསམ་བློ་ཡང་གཏོང་མི་ཕོད་མོད། དེ་རིང་མོས་དྲི་བ་དེ་ལ་ཡུན་གྱིས་བསམ་བློ་བཏང་སྟེ་མདུན་ལ་འགྲོ་སྐབས། ནུ་བོ་མོའི་མདུན་དུ་བརྒྱུགས་ནས་ཡོང་བཞིན་པ་མཐོང་།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

“ཨ་ཅེ། རེམ། མྱུར་མོར་འགྲོ། ཡང་འཁོན་འཛིང་བྱས་སོང་།” ནུ་བོ་བདེ་སྐྱིད་ཀྱི་མདུན་ལ་སླེབས་རྗེས། སྐད་ཆ་བྲེལ་མོ་ཞིག་འཚབ་འཚུབ་ཀྱིས་བཤད་བཞིན་ཨ་ཅེའི་ལག་པ་ཤེད་ཀྱིས་འཐེན། སྐབས་དེར་ནུ་བོའི་དཔྲལ་བ་ཆུང་ཆུང་དེའི་སྨིན་མཚམས་སུ་གཉེར་རིས་ཤིག་བསྡུས་ཤིང་། མིག་ཟུང་གཉིས་ཁྲ་ཀྲིག་ཀྲིག་ཏུ་འགུལ་ནས་ཞུ་བ་བྱེད་པའི་ཉམས་མདངས་གཉོམ་པོ་དེ་མཐོང་མ་ཐག མོའི་སེམས་སུ་ཙག་ཤེད་ཅིག་བརྒྱུགས་བྱུང་ལ། རང་ཉིད་ཀྱི་བྱིས་དུས་ཀྱི་ལོ་ཟླར་འཐིམ་པའི་སིལ་སྒྲ་རྣ་བར་གཟན་པ་ཞིག་ཀྱང་ཡིད་ལ་འཕོས་བྱུང་།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

དེ་ནི་ནུ་བོ་ཡང་སྐྱེས་མེད་པའི་བྱིས་དུས་ཤིག་ཡིན་ལ། ས་སྲོད་དེར་ཁ་བ་བུ་ཡུག་འཚུབ་བཞིན་པས།མོས་ནོར་ཁྱུ་ཚ་འདེད་བྱས་ནས་ལྷས་སུ་བརྒྱབ་རྗེས། སློག་པའི་སྟེང་གི་ཁ་བ་སྤྲུག་བཞིན་དྲོད་ཁོལ་བསྙེགས་ནས་རང་ཁྱིམ་གྱི་སྒོ་རྩར་བརྒྱུགས་ཡོང་དུས། ཁྱིམ་དུ་ཕ་མ་གཉིས་ཀྱིས་འཁོན་འཛིང་བྱེད་བཞིན་ཡོད་པ་གསལ་པོར་ཐོས། མོས་ཉན་མ་བཟོད་པར་ཕྱི་ནུར་ཞིག་བྱས་ཤིང་། ཁྱིམ་གྱི་གྲག་སྒྲའི་ཆེ་ཆུང་དང་བསྟུན་ནས་མོའི་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་སོང་ཞིང་མིག་ཆུ་ཡང་མཁུར་ཚོས་སུ་དྲིལ་ཡོང་། མོ་རང་ཁྱིམ་དུ་འགྲོ་རྒྱུ་ཕར་ཞོག ངུ་སྒྲ་འབྱིན་པར་ཡང་སྐྲག་ནས་གས་ཆག་ཤོར་བཞིན་པའི་རང་ཉིད་ཀྱི་ཡོད་ཚད་དེ། སྒོ་ཡི་ནང་རོལ་གྱི་རང་ཁྱིམ་གྱི་འཇིག་རྟེན་ལ་མཉན་ནས། སྒོ་འགྲམ་དུ་སྡོད་མ་ཚུགས་པར་ཡོད་དུས། གློ་བུར་དུ་དངོས་པོ་ལྗིད་མོ་ཞིག་ཁང་པའི་སྒེའུ་ཁུང་སྟེང་གཡུགས་ཤིང་ཤེལ་སྒོ་བཅག་ནས་ཁྲོག་སྒྲ་སིལ་སིལ་དུ་སོང་བ་ན། མོ་རང་ཧང་སངས་ངེར་མིག་ཆུ་ཡང་བཞུར་མཚམས་ཆད་སོང་ལ། ཁྱིམ་དུ་ཨ་མའི་ངུ་སྐད་ཅིག་ཀྱང་མཆེད་ཡོང་བས། མོ་རང་ཁྱིམ་དུ་འགྲོ་དགོས་པའི་འདུན་པ་དྲག་པོ་ཞིག་སྐྱེས་ནས་སྒོ་ཡི་མཐེབ་ལུང་བཟུང་སྟེ་སྒོ་ཕྱེ་གྲབས་བྱས་མོད། ཅིས་ཀྱང་སྤོབས་པས་མ་ལོངས་པས། མོ་རང་མྱུར་མོར་ལུང་པ་ཕར་ནང་གི་ཁྱིམ་མཚེས་ཚང་ལ་བརྒྱུགས་ཏེ། ད་རེས་ཀྱི་ནུ་བོ་ལྟར་ནང་སེམས་ཞེད་སྣང་གིས་ཁེངས་ནས་རེ་ཞུ་ཡི་མིག་ཟུང་གཏད་དེ། ཆ་རྒྱུས་དེ་ཙམ་མེད་པའི་ཨ་ཁུ་དེའི་ལག་པ་ནས་འཐེན་ཏེ་རང་ཁྱིམ་དུ་ཁྲིད་ཡོང་བ་ཡིན།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

ཕ་མ་གཉིས་ཀྱིས་དེ་རིང་ཡང་ལག་འཛིང་བྱས་སོང་ངམ།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

“ཁ་རྩོད་བྱེད་བཞིན་ཡོད་དམ་ལག་འགུལ་བཞིན་འདུག” མོས་འཚུབ་སྣང་གི་ཀློང་ན་ཡོད་པའི་ནུ་བོར་དེ་ལྟར་དྲིས།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

“ང་ཡོང་དུས་ཁ་རྩོད་ཁོ་ན་བྱེད་བཞིན་འདུག” ནུ་བོས་བདེན་ཅོག་ཅོག་གིས་དེ་ལྟར་བཤད།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

“དེ་རིང་བོད་ལོའི་ཉི་ཤུ་དགུ་རེད། ལུགས་སྲོལ་ལྟར་ན། དོ་ནུབ་རང་ཁྱིམ་གྱི་མི་ཟོག་གཅིག་ཀྱང་ཕྱི་རུ་ལུས་མི་རུང་བས། དོ་དགོང་དོན་དག་ཅི་བྱུང་ཡང་། ཕ་མ་གཉིས་ཁ་ཁར་འགྲོ་མི་སྲིད” བདེ་སྐྱིད་ཀྱིས་དེ་ལྟར་བསམས་ལ། ནུ་བོ་ལ་ཡང་དེ་ལྟར་སྨྲས་ནས་སེམས་གསོ་བྱེད་ཞོར། ཁོ་གཉིས་ཀྱིས་གཡག་རྒན་གཉིས་ཚ་འདེད་བྱས་ཏེ་རང་ཁྱིམ་བསྙེགས།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

“ཨ་ཅེ། འུ་གཉིས་ཀྱིས་ཁོ་གཉིས་ལ་འཁོན་འཛིང་མི་བྱེད་རོགས། ངེད་གཉིས་སྐྲག་ནས་མི་བཟོད་ཅེས་བཤད་ན་ཅི་འདྲ་རེད།”ནུ་བོ་ད་དུང་ལོ་དགུ་ཡིན་མོད། ཡིན་ཡང་ཁོ་ཧ་ཅང་བསམ་ཤེས་ཤིག་རེད། འོན་ཀྱང་བདེ་སྐྱིད་ལ་མཚོན་ན་སྐད་ཆ་འདི་ནི་ཧ་ཅང་བརྗོད་དཀའ་བ་ཞིག་སྟེ། ན་ཚོད་འདིར་མོས་རང་ཉིད་ནར་སོན་ཡོད་པར་རློམ་པས། རང་ཉིད་ཉམ་ཆུང་ཚུལ་དེ་སུ་ལ་ཡང་སྟོན་འདོད་མེད་ཅིང་། ལྷག་པར་ཕ་མ་གཉིས་ལ་མོ་རང་ཁོ་གཉིས་ཀྱི་འཁོན་འཛིང་ལ་མི་སྐྲག་པའི་རྣམ་འགྱུར་ཞིག་སྟོན་འདོད་ཡོད། ད་ལྟ་ཡང་མོའི་དགའ་སྐྱོ་ཡོད་ཚད་ཕ་མ་གཉིས་ཀྱིས་ཚོད་འཛིན་བྱས་ཡོད་པའི་གནས་སྟངས་དེར་མོ་རང་འུ་ཐུག་ཐབས་ཟད་ཀྱང་། དུས་རྒྱུན་ཕ་མ་གཉིས་ཀྱིས་འཁོན་འཛིང་བྱེད་དུས་ཀྱང་མོ་དང་ནུ་བོ།ད་དུང་ཁྱིམ་གཞིས་འདིའི་ཡོད་ཚད་ལ་ཇི་མི་སྙམ་པའི་ངང་འཁོན་འཛིང་བྱེད་པས། མོ་རང་ཆུང་དུས་ནུ་བོ་ལྟར་ངུས་ནས་ཡོང་བ་ཡིན་ཡང་། ད་ལྟ་མོས་ཁོ་གཉིས་ཀྱིས་འཁོན་འཛིང་བྱས་ཀྱང་ཇི་མི་སྙམ་པའི་རྣམ་འགྱུར་ཞིག་སྟོན་འདོད་ཡོད་ལ། དེ་འདྲ་ཞིག་ཡིན་ན་ཡང་བསམས་ཡོད། ཡང་གཅིག་བཤད་ན་མོས་ཕ་མ་གཉིས་ལ་སེམས་གཏམ་མ་བཤད་པར་ཡང་ཡུན་རིང་ཞིག་འགོར་ཡོད། ཡིན་ཡང་ཐེངས་འདིར་མོས་ནུ་བོའི་རེ་ལྟོས་ཀྱིས་ཁེངས་པའི་མིག་མདངས་དེ་རྡུལ་དུ་བརླག་པར་མི་བཟོད་ལ། ནུ་བོའི་མིག་མདངས་དེས་ལོ་ཟླ་རིང་མོའི་ཁྲོད་རེ་ཐག་ཆད་ཡོད་པའི་རང་སེམས་ལ་སླར་ཡང་རེ་བ་ཞིག་བསྩལ་བྱུང་། ཁོ་གཉིས་ཀྱིས་ལམ་བར་དུ་སྐད་ཆ་དེ་ཡང་དང་ཡང་དུ་སྦྱོང་བརྡར་བྱས་ནས། ནང་སེམས་ཀྱི་དཀའ་ཁག་གང་མང་ཞིག་ཡང་དང་བསྐྱར་དུ་སེལ་ཅི་ཐུབ་བྱས།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

“གཅིག གཉིས གསུམ།” ཁོ་གཉིས་ཀྱིས་སྒོ་ཕྱི་ནས་དེ་ལྟར་ཁ་རོག་གེར་བརྩིས་རྗེས་མཉམ་དུ་སྒོ་ཕྱེ་ནས་ཁྱིམ་དུ་འཛུལ་བ་དང་། བདེ་སྐྱིད་ཀྱིས་སྐད་ངག་ཅུང་འདར་བའི་སྒོ་ནས“ཨ་ཕ། ཨ་མ”ཞེས་བོས་མ་ཐག ནུ་བོ་དེ་མ་ཉིད་དུ་སྒོར་བྲོས་སོང་། མ་གཞི་ནུ་བོ་ནི“སྐྲག་ཤོར་སྡར་མ”ཞིག་རེད། ཁོའི་བཟོ་ལྟ་ཉམ་ཆུང་དེ་མཐོང་བ་ན། བདེ་སྐྱིད་ཀྱི་མིག་ཆུ་ཆུ་མིག་བཞིན་དབང་མེད་དུ་བརྡོལ་སོང་། མོས་མུ་མཐུད་དུ་ངུ་སྐད་དང་བཅས“ཁྱེད་གཉིས་ཀྱིས་འཁོན་འཛིང་མ་བྱས་ན་ཆོག་གམ། ངེད་གཉིས་སྐྲག་ནས་བཟོད་ཐབས་མི་འདུག”ཅེས་བཤད། སྐད་ཆ་འདི་ཕ་མ་གཉིས་ཀྱི་མདུན་དུ་ངག་སྒོར་ཕུད་དུས། མོའི་ནང་སེམས་སུ་བཟོད་གླགས་མེད་པའི་ན་ཟུག་ཅིག་སྐྱེས་ཏེ་རང་ཉིད་ལ་གཏན་ནས་ཚོད་འཛིན་བྱེད་མ་ཐུབ། ཕ་མ་གཉིས་ཀྱིས་མཉམ་དུ་མོའི་མིག་ཆུ་འབྱིད་བཞིན། “མ་ངུ་དང”ཞེས་བཤད་དེ་མགོ་ལ་བྱིལ་བྱིལ་གནང་དུས།བདེ་སྐྱིད་ཀྱི་སེམས་ཁམས་ནི་ཧ་ཅང་རྙོག་འཛིང་ལྡན་པ་ཞིག་ཏུ་གྱུར་སོང་སྟེ། ཁོ་གཉིས་ཀྱིས་ཁ་འཇམ་ཚིག་འཇམ་གྱིས་གཅེས་གཏམ་ཇི་ལྟར་བརྗོད་ན། མོ་རང་ཁོ་གཉིས་ལ་དེ་ལྟར་སྡང་ཡོང་བས། མོ་རང་ཐེངས་འདིའི་ངུ་ཤུམ་ལ་འགྱོད་པ་བླ་ལྷག་ཅིག་སྐྱེས་ཏེ། སང་ཉིན་ལོ་ན་བཅུ་བདུན་ལ་སོན་རྗེས་གཏན་ནས་མི་ངུ་བའི་ཆོད་སེམས་ཤིག་ཡང་བསྐྱར་འཇོག་བཞིན་མྱུར་མོར་ངུ་མཚམས་འཇོག་ཅི་ཐུབ་བྱས།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

མོ་རང་ཡུན་རིང་ཞིག་ལ་ངུས་མ་མྱོང་བས། དེ་རིང་མོས་སྔོན་ཆད་ཀྱི་ཆོད་སེམས་དང་རྒྱུན་འཁྱོངས་མཐའ་དག་རྡུལ་དུ་བརླགས་པ་རེད། ཆུང་དུས་མོ་ནི་ངུ་སླ་བ་ཞིག་ཡིན་ཏེ། ཕ་མ་གཉིས་ཀྱིས་འཁོན་འཛིང་བྱེད་ཐེངས་རེར་ངུས་པ་ཡིན་ལ། མོ་རང་སྐད་གསང་མཐོན་པོས་ཇི་ལྟར་ངུས་ཀྱང་། ཨ་ཕའི་གདུག་རྩུབ་ལ་འགྱུར་ལྡོག་མེད། ཡིན་ཡང་མཚམས་རེར་ཨ་ཕས་ཆང་བཏུང་ཡོད་དུས། ཨ་མ་ལ་འཇིགས་སྐུལ་གང་མང་ཞིག་བྱས་རྗེས།བདེ་སྐྱིད་ཀྱི་ངུ་ཁ་ལེན་པ་ཡིན་ཞིང་། ཁོས་ཆང་དྲི་ཆིལ་ལེར་མོ་ལ་གཅེས་བྱས་ཀྱང་། ཆང་དྲི་དེས་བདེ་སྐྱིད་ལ་སྐྲག་སྣང་གང་མང་སྦྱིན་པ་མ་ཟད། བཟི་ནས་བཙུམ་ལ་ཡོད་པའི་མིག་ཟུང་དེ་ཡིས་བདེ་སྐྱིད་ལ་ཞེ་སྡང་ཡང་བསླངས་ཡོང་བས། ངུ་ཐེངས་རེ་རེར་མོ་རང་འགྱོད་པ་རེ་རེ་སྐྱེས་མྱོང་།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

མོ་རང་ཇི་ལྟར་ངུས་ཀྱང་། ཨ་མས་མོ་ལ་དུས་ཆད་མ་བྱས་པར་བྲོས་མོར་བུད་འགྲོ། ཨ་ཕས་ཨ་མ་ཕྱིར་ཁྲིད་ཡོང་དུས་ནི་ལོ་ཟླས་བརྩེགས་པའི་གདུང་སེམས་ལྕི་མོ་བདེ་སྐྱིད་ཀྱི་ནང་སེམས་སུ་མི་ཤོང་བའི་ཚོད་ཅིག་ཡིན་ཏེ། དེ་དུས་བདེ་སྐྱིད་ཀྱིས་ཨ་མར་གཏན་ནས་གདོང་གཏོད་མི་ཐུབ་ལ། ཡང་རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ཨ་མ་མཐོང་དུས་མོ་རང་ངུ་ཡང་མི་སྤོབས་པར་ཨ་མས་མི་མཐོང་སར་ཤུགས་ཀྱིས་དབུགས་འབྱིན་རྔུབ་བྱས་ནས་མིག་ཆུ་ཡང་ཡང་བསྲན་མྱོང་། གང་ལྟར་ཆུང་དུས་ནས་ད་བར་དུ་བདེ་སྐྱིད་ཀྱིས་མོ་རང་རྗེས་ཕྱོགས་མི་ངུ་བའི་ཆོད་སེམས་བཞག་ནས་ཡོང་བ་ཡིན།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

ཕྱི་ཉིན་སྐྱ་རེངས་མ་གསལ་བའི་ཡར་སྔོན་དུ། བདེ་སྐྱིད་དང་ཁྱིམ་མི་ཚང་མ་མལ་ལས་ལངས་ཏེ་ལོ་སར་ལ་སྟ་གོན་བྱས་ཤིང་། ཚང་མས་ལྭ་བ་གསར་པ་གྱོན་ནས་གཟབ་མཆོར་སྤྲས་བཞིན་ཡོད་མོད། ཡིན་ཡང་ཨ་ཕ་ཁོ་ནར་ལྭ་བ་གསར་པ་མེད་དེ། ལོ་རེའི་ལོ་སར་དང་ཡང་ན་དུས་སྟོན་གང་དུ་ཡང་། ཁོས་རས་ལྭ་ཞིག་དང་ཚར་ལྭ་ཞིག་རེས་མོས་སུ་གྱོན་བཞིན་ཡོད་ལ། ཨ་ཕས་སྒོར་མོ་གྲོན་ཆུང་བྱེད་ཕྱིར་རང་ཉིད་ལ་ལྭ་བ་གསར་པ་ཉོས་པ་ཧ་ཅང་ཉུང་། ཉིན་དེར་ཡང་ཁོས་སྔར་ལྟར་ཚར་ལྭ་དེ་རྒྱབ་ཏུ་བླངས་སོང་། སྟབས་ལེགས་པ་ཞིག་ལ་ཨ་མས་ཁོའི་རྐང་སྣམ་དང་འཇུར་རྟ་སོགས་གཙང་མར་བཀྲུས་འདུག བདེ་སྐྱིད་ཀྱིས་དེ་དག་ལ་ཞིབ་ལྟ་བྱས་ཤིང་། ཡང་ཅི་ཡང་མ་མཐོང་ཁུལ་གྱིས་ལྭ་བ་གསར་པ་གྱོན་པར་བྲེལ། སྤྱིར་ན་མོས་མི་གཞན་གྱི་མཐོང་ལམ་དུ་མངོན་གསལ་དོད་པོ་བྱེད་མི་ཕོད་ཀྱང་། མོས་རང་ཉིད་ཀྱི་རང་གཤིས་དེ་དག་ལོགས་ཤིག་ཏུ་བསྐྱུར་ནས། མོ་རང་དོགས་མི་བདེ་བར་བྱེད་པའི་ལྭ་བ་གསར་རྐྱང་དེ་དག་གྱོན་ནས་མི་མང་པོ་ཞིག་ལ་མཇལ་དུ་འགྲོ་བར་བྲེལ།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

ལོ་ཉུག་གི་མགོ་མར་རང་གི་ཕ་མའི་སར་འགྲོ་དགོས་པས། བདེ་སྐྱིད་ཀྱི་ཁྱིམ་མི་གང་པོ་རླངས་འཁོར་དུ་བསྡད་ནས་ཨ་མ་ལོ་ལོན་གྱི་སར་འགྲོ་དུས། ལམ་བར་དུ་ཁྱིམ་མཚེས་ཚང་གི་བུ་སྤུན་གསུམ་པོས་ཀྱང་རླངས་འཁོར་ཞིག་བསྐོར་ནས་རང་གི་ཨ་ཕའི་སར་འགྲོ་བཞིན་པ་དང་འཕྲད། བདེ་སྐྱིད་དང་མོའི་ཕ་མ་གཉིས་ཧ་ལས་ཀྱང་། ཁོ་ཚོ་ངོ་གནོངས་པར་བསམས་ཏེ་མ་མཇལ་ཡུན་རིང་གི་ཁམས་བདེ་རྒྱུན་ལྡན་ཞིག་ལས་མ་དྲིས་ལ། བུ་སྤུན་གསུམ་པོའི་ལོ་ཚོད་བདེ་སྐྱིད་ལས་ལོ་གཉིས་གསུམ་ཞིག་གིས་ཆེ་ཙམ་ཡིན་མོད། ཁོ་ཚོས་བདེ་སྐྱིད་ཀྱི་ཕ་མ་གཉིས་ལ་འཛུམ་དམུལ་དམུལ་གྱིས་ཁམས་བདེ་ཞུ་སྲོལ་ལ་བལྟས་ན། ད་དུང་ནར་སོན་མེད་པའི་བྱིས་པ་ཞིག་དང་འདྲ་ཞིང་། ཁོ་ཚོའི་གདོང་གི་གདེང་ཚོད་དང་ཡིད་ཆེས་ཅི་ཡང་མེད་པའི་གཉོམ་དུང་དུང་གི་འཛུམ་ཆུང་དེས་བདེ་སྐྱིད་ལ་མཆིན་པའི་སྟེང་འོག་བརྗེས་པ་ལྟ་བུའི་ན་ཟུག་ཅིག་སྦྱིན་ཡོང་སྟེ། དེ་རིང་ཁོ་ཚོ་ཡང་ཁོ་ཚོའི་མི་ཚེའི་ནང་གི་ཆེས་གལ་ཆེ་བའི་མི་ལ་མཇལ་དུ་འགྲོ་བཞིན་ཡོད་ལ། ཡང་ན་ནོངས་འགྱོད་དང་རྨ་ཁ་ཞིག་བསུབ་ཏུ་འགྲོ་བཞིན་པས། ཁོ་ཚོའི་གདེང་ཚོད་མེད་པའི་ནར་སོན་གྱི་གོམ་སྟབས་འདིས་མོ་ལ་ཚོར་བ་སྐྱུར་མོ་ཞིག་བྱིན།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

ལམ་བར་དུ། ཨ་ཕས་ཁོ་ཚོ་ལ་དཔེ་བཞག་ནས་ལོ་ཉི་ཤུར་སླེབས་དུས་བུ་ཕྲུག་ཚང་མ་གཤོག་པ་ཐོགས་ཏེ་རང་རང་སར་འཕུར་འགྲོ་བས། ཁྱིམ་ཚང་ཟེར་བ་ནི་གནས་ཚང་གཡར་བ་དང་འདྲ་ཟེར། དེ་ནི་བདེ་སྐྱིད་ཀྱི་རྨི་ལམ་ཡིན་མོད། མ་གཞི་དེ་ནི་མོས་གཏན་ནས་དང་ལེན་བྱེད་ཐབས་མེད་པའི་དོན་དངོས་ཤིག་རེད། བདེ་སྐྱིད་ཀྱིས་རླངས་འཁོར་གྱི་སྒེའུ་ཁུང་ལས་ཕྱི་རོལ་ལ་ལྟ་བཞིན་མིག་ཆུ་ཞིག་མིག་ཀོང་དུ་སྐམ་ཅི་ཐུབ་བྱས།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

ལོ་སར་ནས་ཚེས་བཅོ་ལྔའི་བར་མགྲོན་པོ་ཕར་འགྲོ་ཚུར་འོང་གི་འདུ་འཛོམས་མང་བས། ཨ་ཕའི་ལུས་ལ་མཚམས་རེར་ཆང་དྲི་ཐུལ་ཡོང་ཞིང་། ཆང་དྲི་དེ་ཙམ་གྱིས་ཀྱང་བདེ་སྐྱིད་ཀྱི་དགའ་སྤྲོ་ཡོད་ཚད་རྨེག་མེད་དུ་བཅོམ་འགྲོ། སྤྱིར་ཁྱིམ་ཚང་འདིའི་གནད་དོན་ནི་ཨ་ཕ་ཆང་ལ་དགའ་བའི་རྐྱེན་མིན་མོད། ཡིན་ཡང་ཆང་གིས་གནད་དོན་ཡོད་ཚད་སྒོར་བཏོན་ཡོང་བས། ནམ་རྒྱུན་ཨ་མས་ཨ་ཕས་ཆང་འཐུང་བར་ཐད་ཀར་ངོ་རྒོལ་བྱེད་པ་ཡིན་ཞིང་། ནུ་བོས་ཀྱང་ཨ་ཕ་ལ་ཆང་འཐུང་མི་ཆོག་ཅེས་ཁོང་ཁྲོ་སྟོན་བཞིན་འདུག ཡིན་ཡང་བདེ་སྐྱིད་ལ་མཚོན་ན་ཨ་ཕར་ངོ་རྒོལ་བྱེད་རྒྱུ་ནི་དངོས་གནས་ཁག་པོ་རེད།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

ད་ནི་དངོས་གནས་སློབ་མགོ་ཚུགས་རན་སོང་། བདེ་སྐྱིད་ཀྱིས་རེ་སྒུག་བྱས་ནས་ཡུན་རིང་འགོར་ཡོད་པས། སེམས་པ་དགའ་སྤྲོས་ཁེངས་ནས་ལྭ་བ་སོགས་གཙང་མར་བཀྲུས་ཏེ་ལམ་ལ་ཆས་པར་སྟ་གོན་བྱེད་དུས། ནུ་བོའི་གདོང་ན་སེམས་ཁྲལ་ཞིག་མངོན་འདུག་ལ། བདེ་སྐྱིད་ཀྱི་རྗེས་དེད་ནས་ཡར་འགྲོ་མར་འགྲོ་བྱེད་བཞིན་ག་དུས་ཕྱིར་ཡོང་བ་ཡང་ཡང་འདྲི་བའི་བཟོ་ལྟ་ཉམ་ཆུང་དེས་མོའི་དགའ་སྤྲོ་ཚང་མ་རྡུལ་དུ་བརླགས་ནས་སེམས་པ་བློང་བློང་པོར་བཏང་།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

“ཨ་ཅེ།རྫོང་མཁར་དུ་སོང་ན་ཁྱོད་ཀྱིས་ཨ་ཕ་ལ་ཆང་མ་འཐུང་ཞེས་བསྐུལ་རོགས།”K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

“གལ་ཏེ་ཆང་འཐུང་ཡོད་ན་ཁྱོད་ཀྱིས་ཨ་མར་འཁོན་འཛིང་མ་བྱེད་ཅེས་བསྐུལ་རོགས།”བདེ་སྐྱིད་ཀྱིས་དེ་ལྟར་བཤད།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

ཨ་ཕས་བདེ་སྐྱིད་ཀྱི་འདྲུད་སྒམ་དུ་ཤ་སྐམ་དང་རྩྭམ་པ་སྡུད་བཞིན་འདུག་ལ། ཨ་མས་མོ་ལ་ལྭ་བ་གང་ཡག་ཅིག་བདམས་ནས་ལྭ་བ་ཇི་ལྟར་གྱོན་དགོས་ཚུལ་འཆད་བཞིན་འདུག ཡིན་ཡང་བདེ་སྐྱིད་ཀྱི་སེམས་པ་ཨ་མའི་བྱམས་བརྩེས་ཁེངས་པའི་ངོ་གདོང་དུ་གཡེང་ཞིང་། ཨ་ཕའི་ནན་ཏན་གྱི་མིག་ཟུང་དང་མིག་འདབས་ཀྱི་རྒས་གཉེར་དུ་གཡེང་། ཐབ་ན་མེ་ལྕེ་ལྷེམ་ལྷེམ་མཆེད་ཅིང་སྒེའུ་ཁུང་དུ་ཉི་འོད་ཀྱི་ཟེགས་མ་འགྱེད་པའི་རང་ཁྱིམ་འདིའི་དྲོད་འཇམ་དུ་གཡེང་། རྟག་བརྟན་མིན་པའི་བདེ་སྐྱིད་འདིར་གཡེང་། མོ་རང་ཆེས་ཤོར་བར་སྐྲག་པའི་རང་ཁྱིམ་འདིར་གཡེང་དུས། མོའི་སེམས་སུ་ན་ཟུག་བཟོད་མེད་ཅིག་ལྡང་ཡོང་། སྐབས་དེར་མོ་རང་མྱུར་མོར་གཞིས་ཁྱིམ་དང་ཁ་འབྲལ་འདོད་དེ། མགྱོགས་མྱུར་སྒོས་མོ་རང་ལོ་བཅུ་ལྷག་ལ་ཡར་སྐྱེལ་མར་ལེན་བྱས་མྱོང་བའི་ཨ་ཕའི་འཕྲུལ་རྟའི་འཕོངས་སུ་ཞོན།K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

ནམ་རྒྱུན་ལྟར་ན། སྐབས་དེར་མོས་ཨ་མ་དང་ནུ་བོ་གཉིས་ལ་འོ་རེ་བྱས་ཏེ་བདེ་མོ་འཇོག་སྲིད་མོད། ཡིན་ཡང་དེ་རིང་མོ་ལ་གདེང་ཚོད་ཅི་ཡང་མི་འདུག་པས། ཁ་ཕར་འཁོར་ནས་ལྷམ་ཐིག་སྒྲོག་བཞིན་ཡོད་པའི་ཟོལ་གྱིས་བསྡད་པ་ན། ཨ་མས་ད་དུང་སློབ་གྲྭར་སོང་ན་རང་ཉིད་ལ་བདག་སྐྱོང་བྱེད་དགོས་པའི་སྐོར་མང་པོ་ཞིག་གདམས་བཞིན་འདུག བདེ་སྐྱིད་ཀྱི་ངག་ནས་ཡ་ལན་ཞིག་ཀྱང་འཁྲོལ་དཀའ་བར་གྱུར་ཏེ། མགོ་བོ་ནང་དུ་ཡང་ཡང་ལྡེམ་དུས། འཕྲུལ་རྟ་ཡང་ལམ་ལ་ཆས་སོང་ལ། མོའི་མིག་ཆུ་ཡང་གློ་བུར་ཕྲེང་རྡོག་ལྟར་ཐོར་ནས་གཙང་པོ་ལྟར་བཞུར་ཏེ། ཨ་ཕའི་རྒྱབ་ནས་ངུ་སྐད་མེད་པར་སུས་ཀྱང་མི་མཐོང་བར་བྱས་ནས་ཁུ་སིམ་མེར་བཞུར་ཞིང་། རྫ་མགོའི་དར་ལྕོག་བཞིན་འདར་ཡོམ་ཡོམ་བྱེད་བཞིན་པའི་རང་ཁྱིམ་དེར་འཁྲེང་ཞེན་གྱི་ཕྱིར་མིག་ཀྱང་འཕེན་མ་བཟོད་པར་མདུན་ལ་ཆས་སོང་། །K07智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论