ཁྱིམ་ཚང་སློབ་གསོའི་ལེགས་བཤད་བརྒྱ་བ།
1: བྱིས་པའི་རྒྱུགས་འབྲས་ལ་ཤུགས་རྐྱེན་གཙོ་བོ་འཇོག་མཁན་ནི་སློབ་གྲྭ་མ་ཡིན་པར་ཁྱིམ་ཚང་ཡིན། ཁྱིམ་ཚང་སློབ་གསོ་ནི་བྱིས་པ་འཚར་ལོངས་ཀྱི་རྟེན་གཞི་དང་ཁོར་ཡུག་གཙོ་བོ་ཡིན་ཞིང་། གཞི་རྩའི་སློབ་གསོ་མྱོང་ས་ཡང་ཡིན།
2: གལ་ཏེ་ཁྱིམ་ཚང་སློབ་གསོར་གནད་དོན་བྱུང་ཚེ། སློབ་གྲྭའི་ནང་བྱིས་པར་དཀའ་ཁག་ཆེ་ཞིང་། མ་འོངས་པར་སློབ་གྲྭའི་ནང་གི་གནད་དོན་ཅན་གྱི་བྱིས་པར་ཡང་འགྱུར་སྲིད།
3: ཁྱིམ་བདག་གི་འགན་ཁུར་ནི་བྱིས་པར་རྒྱུད་འཛིན་གཉིས་མཁོ་སྤྲོད་བྱེད་དགོས། གཅིག་ནི་གཤིས་ཀ་རྒྱུད་འཛིན་དང་། གཅིག་ནི་སྤུས་ཀ་རྒྱུད་འཛིན་ཡིན། སློབ་གསོ་བས་སློབ་གསོར་སྤྲོ་སྣང་གི་ལྟ་སྟངས་འཛིན་ཆོག་ཀྱང་། སྤྲོ་སྣང་ལས་བྱིས་པའི་གཤིས་ཀ་རྒྱུད་འཛིན་ལ་བསམ་བློ་མ་བཏང་ན་མི་འགྲིག བཟོ་ལྟ་ངན་པའི་ཡ་ཙེ་སྙིང་དུ་སྡུག་པའི་ངང་དཀར་དུ་གྱུར། འདི་ནི་ཡ་ཙེས་སྡུག་རུས་བྱས་པའི་གྲུབ་འབྲས་མ་ཡིན་པར། ཡ་ཙེའི་ཨ་མས་ངང་བའི་སྒོ་ང་ཞིག་བཏང་བ་ལས་བྱུང་བ་ཡིན་ནོ།།
4: བྱིས་པ་སྐྱེས་རྗེས། ཕ་མའི་འོས་འགན་ནི་ཐབས་ཤེས་ཅི་ཡོད་ཀྱིས་བྱིས་པར་སྤུས་ཚད་རྒྱུད་འཛིན་གྱི་སློབ་གསོ་འཐོབ་དུ་འཇུག་རྒྱུ་ཡིན་པ་དང་། སྤུས་ཚད་སློབ་གསོར་གལ་ཆེན་བྱེད་དགོས། དེ་ནི་བྱིས་པའི་འཚར་ལོངས་དང་འཚམ་པའི་ཁྱིམ་ཚང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པ་དང་། ཁྱིམ་ཚང་གི་ཁོར་ཡུག་ནི་གང་ལས་ཀྱང་གལ་ཆེན་དུ་འཛིན་དགོས།
5: བྱིས་པ་ལ་མཚོན་ནས་བཤད་ན། ཁྱིམ་ཚང་ནི་ཨ་མའི་མངལ་དང་མཚུངས། ཨ་མའི་མངལ་རུམ་ནི་བྱིས་པའི་ཕོ་བྲང་དང་པོ་དང་། ཁྱིམ་ཚང་ཁོར་ཡུག་ནི་བྱིས་པའི་ཕོ་བྲང་གཉིས་པ་ཡིན།
6: ཕ་མའི་འགན་འཁྲི་དང་པོ་ནི། བྱིས་པར་བདེ་ཐང་གི་ཁྱིམ་ཚང་ཁོར་ཡུག་ཞིག་བསྐྲུན་རྒྱུ་དེ་ཡིན། ཕ་མར་སྒྲུབ་དགོས་པའི་བྱ་བ་མང་པོ་མེད། བྱིས་པར་ཁྱིམ་ཚང་གི་ཁོར་ཡུག་བཟང་པོ་ཞིག་རྒྱུན་འཁྱོངས་བྱས་ན་ཆོག་པ་ཡིན། ཕ་མ་བཟང་པོ་ཞིག་ཏུ་འགྱུར་དགོས་ན། ཁྱིམ་ཚང་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་དགོས། ཁྱིམ་ཚང་ཁོར་ཡུག་བཟང་ན། བྱིས་པ་ཡང་བཟང་། ཁྱིམ་ཚང་ཁོར་ཡུག་ལ་གནད་དོན་བྱུང་ཚེ། བྱིས་པའི་འཚར་ལོངས་ལ་གནད་དོན་འབྱུང་བ་དང་། གནད་དོན་ཅན་གྱི་བྱིས་པར་འགྱུར་ངེས། སྐབས་རེར། བྱིས་པ་ན་སྐབས། སྨན་འཐུང་དགོས་པ་བྱིས་པ་མ་ཡིན་པར་ཁྱིམ་བདག་ཡིན།
7: བྱིས་པ་ཟླ་ངོ་མ་ཚང་བར་མི་སྐྱེ་བ་དང་། བྱིས་པ་ཆེས་སྔ་བར་ཡང་སློབ་གྲྭར་མི་སྐྱེལ། བྱིས་པ་ཟླ་ངོ་མ་ཚང་བར་སྐྱེས་མི་རུང་། བྱིས་པ་ཨ་མའི་མངལ་དུ་ལུས་ཁམས་ཡོངས་སུ་རྫོགས་པ་དང་།བྱིས་པར་རང་སྲུང་གི་ནུས་པ་གང་ལེགས་འབྱོར་རྗེས་ཕྱི་རོལ་ཡུལ་དང་འབྲེལ་འདྲིས་ཀྱི་ནུས་པ་ཧ་ཅང་ཆེ། བྱིས་པ་ཆེས་སྔ་བར་སློབ་གྲྭར་མི་བསྐྱལ། བྱིས་པ་ཁྱིམ་ཚང་གི་ཁོར་ཡུག་ཁྲོད་ཟ་འཐུང་དང་། འགྲོ་འདུག་གི་ནུས་པ་ཡོངས་སུ་འཛོམས་རྗེས་ཕྱི་རོལ་གྱི་ཁོར་ཡུག་དང་འཕྲོད་སླ་མོ་ཡིན།
8: སློབ་གྲྭའི་སློབ་གསོས་ནམ་ཡང་སློབ་མའི་ཤེས་ཡོན་ལ་གལ་ཆེན་བྱེད། ཤེས་ཡོན་གྱི་གཞི་རྩའི་ཆོས་ཉིད་ལ་བསམ་ན། ཁྱིམ་ཚང་སློབ་གསོ་ངེས་པར་དུ་གཤིས་རྒྱུད་དང་ལུས་ཁམས་འཕེལ་རྒྱས་ཀྱི་ཕྱོགས་སུ་ལངས་དགོས། ཁྱིམ་ཚང་ལ་ཁྱིམ་ཚང་གི་ཕན་ནུས་ལྡན་པ་ཡིན།
9: གཤིས་རྒྱུད་བཟང་པོའི་ཚད་གཞི་ནི་རིག་གནས་ཀྱི་སྙིང་སྟོབས་ཡོད་པ་ཡིན། ལུས་ཁམས་བདེ་ཐང་གི་ཚད་གཞི་ནི་སྟོབས་དང་ལྡན་པའི་ལུས་ཕུང་ཡོད་པ་ཡིན། སློབ་སྦྱོང་བཟང་བའི་ཚད་གཞི་ནི་རང་སྦྱོང་རང་རྟོགས་ཡིན་ནོ།།
10: ཕན་ནུས་ལྡན་པའི་སློབ་སྦྱོང་ནི་ཚད་བཀག་མེད་པར་སྦྱོང་བ་དེ་ཡིན། ཕན་མེད་ཀྱི་སློབ་སྦྱོང་ནི་གནད་འགག་ཙམ་སྦྱོང་བ་ཡིན། བྱིས་པའི་སློབ་སྦྱོང་ལ་གནད་དོན་བྱུང་ཚེ། རྒྱུ་རྐྱེན་བྱིས་པའི་སེམས་ཁམས་དང་ལུས་ཁམས་ཁྲོད་དུ་གནས། ཕ་མས་བྱིས་པར་བཙན་ཚུགས་ཀྱིས་སློབ་སྦྱོང་བྱེད་པར་སྐུལ་བ་ནི། ལྗང་པ་འཐེན་ནས་ལོ་ཏོག་སྐྱེ་བར་རློམ་པ་ལྟ་བུ་ཡིན་ནོ།།
11: སློབ་སྦྱོང་མཐར་ཕྱིན་ནི་མིའི་འཚར་ལོངས་ཀྱི་འཁྱག་རིའི་ཕྱོགས་གཅིག་ཡིན་པ་དང་། འཁྱག་རིའི་འོག་ཏུ་མིའི་གཤིས་རྒྱུད་དང་ལུས་ཕུང་ཡོད། གཤིས་རྒྱུད་དང་ལུས་ཕུང་ནི་སློབ་སྦྱོང་མཐར་ཕྱིན་གྱི་རྩ་བའི་ཆ་རྐྱེན་ཡིན།
12: བྱིས་པ་ལོ་གསུམ་གྱི་སྔོན་རྗེས་ལ་ལྟ་སྐྱོང་ནན་མོ་བྱེད་པ་དང་། བྱིས་པ་ལོ་བཅུ་གསུམ་ཡས་མས་ནས་རིམ་གྱིས་ལྷོད་ནས་བྱིས་པའི་གྲོགས་པོ་ཆགས་དགོས། ནུས་ལྡན་གྱི་སློབ་གསོའི་བྱེད་ཐབས་ནི་ཐོག་མའི་དུས་ནན་འཛིན་དང་རིམ་གྱིས་ལྷོད་དགོས་པ་ཡིན། ནུས་མེད་ཀྱི་སློབ་གསོ་ནི་ཐོག་མར་ལྷོད་ཅིང་རིམ་གྱིས་ནན་མོ་བྱེད་པ་ཡིན། ནུས་ལྡན་གྱི་སྐུལ་སློང་གིས་བྱ་བརྒྱ་མདའ་གཅིག་གིས་གསོད་པ་དང་། ནུས་མེད་ཀྱི་སྐུལ་སློང་ནི་ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་བོར་བ་དང་མཚུངས།
13: བྱིས་པའི་འཚར་ལོངས་ལ་ཟླ་བོ་དགོས་པ་ཡིན། བྱིས་པས་བྱིས་པར་ཤེས་རྟོགས་ཐུབ། དེ་བས་བྱིས་པར་བྱིས་པའི་ཟླ་བོ་ཁོ་ནས་འཚར་ལོངས་ལ་ཕན་པ་འབྱུང་། བྱིས་པའི་ཚོར་ཤེས་དང་སེམས་ཁམས་ནི་བྱིས་པ་ལས་མི་ཆེན་པོ་ཚོས་རྒྱུས་ལོན་བྱེད་དཀའ་བ་ཞིག་ཡིན། བྱིས་པས་ཀྱང་ནམ་ཡང་མི་ཆེན་པོ་ཁོའི་ཟླ་བོ་ཡིན་པར་མི་འདོད། ཕ་མ་ཁེར་རྐྱང་དུ་འཚོ་བ་རོལ་ཆོག་ཀྱང་། བྱིས་པ་ནམ་ཡང་ཁེར་རྐྱང་དུ་འཇོག་མི་ཉན། གལ་ཏེ་སྤུན་དང་སྲིང་མོ་སོགས་མེད་པ་དང་། རོགས་ཟླ་ཡང་མེད་པ་ཡིན་ན། ཁེར་སྐྱེས་བྱིས་པ་ཁེར་སྐྱེས་མ་ཟད། ཁེར་འདུག་དང་ཁེར་རྐྱང་གིས་འཚར་ལོངས་འབྱུང་དགོས་པ་ཡིན། བྱིས་པའི་སྡུག་བསྔལ་བྱིས་པས་ཤེས་རྟོགས་ཐུབ་པ་དང་། བྱིས་པའི་བདེ་སྐྱིད་བྱིས་པས་ཤེས་རྟོགས་ཐུབ་པ་ཡིན། དེས་ན་ཁྱིམ་བདག་ཞིག་ལ་མཚོན་ན། བྱིས་པའི་འཚར་ལོངས་ཀྱི་ཆ་རྐྱེན་དང་སེམས་ཁམས་སོགས་ཀྱི་ཆོས་ཉིད་ལ་རྒྱུས་ལོན་ཟབ་མོ་ཡོད་དགོས།
14: མང་ཙེ་ཡི་ཨ་མས་ཐེངས་གསུམ་ལ་ཁྱིམ་སྤོས། ལོ་ལུན་གྱིས་ཨེ་མིན་འར་གྲོང་གསེབ་དུ་འཁྲིད། བྱིས་པའི་ཤེས་རྟོགས་དང་ཚོར་ཤེས། རྣམ་དཔྱོད་ཡོངས་སུ་མ་རྒྱས་པའི་སྔོན་དུ། བྱིས་པར་ཟླ་བོ་མང་པོ་མི་དགོས་པ་དང་། དེ་ནི་ཟླ་བོའི་སྐྱོན་ངན་བྱིས་པར་འགོས་འགྲོ་བ་ཡིན།
15: ཕ་མའི་ལེགས་འགྲུབ་ཇི་ལྟར་ཆེ་ན་ཡང་། བྱིས་པའི་སློབ་གསོར་ཕམ་ཁ་བྱུང་ཚེ། མི་ཚེ་ཡོངས་ལ་ཕམ་ཁ་བྱུང་ཚར་བ་ཡིན།
16: ཕ་མ་བཟང་པོས་བྱིས་པར་ལྟ་སྐྱོང་བྱས་ཏེ། བྱིས་པ་རང་འགུལ་གྱིས་འཚར་ལོངས་ཡོང་བར་རམ་འདེགས་བྱེད། ཕ་མ་ངན་པས་བྱིས་པའི་ཚབ་ཏུ་བྱ་བ་སྒྲུབ་ནས། བྱིས་པ་བཙན་ཤུགས་ཀྱིས་འཚར་ལོངས་ཡོང་བར་བྱེད།
17: ཨ་མ་བཟང་པོས་བྱིས་པ་རང་གི་གྲོགས་པོར་འགྱུར་བར་བྱེད་ཅིང་། ཨ་མ་ངན་པས་བྱིས་པ་རང་གི་མཛའ་གྲོགས་སུ་འགྱུར་བར་བྱེད།
18: སློབ་གསོ་བ་གྲགས་ཅན་ཁང་ཏིས། མིའི་རིགས་ཀྱིས་དོན་དག་གཉིས་ཧ་ཅང་སྒྲུབ་དཀའ། གཅིག་ནི་ཇི་ལྟར་གཞན་ལ་དབང་བསྒྱུར་བྱེད་པ་དང་། གཅིག་ནི་ཇི་ལྟར་གཞན་ལ་སློབ་གསོ་གཏོང་བ་ཡིན། ཞེས་གསུངས།
19: ལུས་ཕུང་བདེ་བར་འདོད་ན་འཁྱག་ལྟོགས་གཉིས་ཀ་བཟོད་དགོས། འཆར་ཅན་གྱི་ཟ་མ་མ་བཟོས་པའི་སྔོན་དུ་ལྟོགས་ཀྱང་ཞོར་ཟས་མི་ཟ། བཅུད་ལྡན་ཟས་ཀྱིས་ལུས་ཟུངས་མ་གསོས་པའི་བྱིས་པ་ནི་ཉམ་ཆུང་ཡིན། དེ་བས་བྱིས་པར་མངར་ཆའི་རིགས་བཟའ་བ་བཀག་འགོག་བྱེད་དགོས། མངར་ཆའི་རིགས་ཀྱིས་བྱིས་པའི་ལུས་ཕུང་བདེ་ཐང་ལ་གནོད་པར་མ་ཟད། སེམས་ཁམས་བདེ་ཐང་ལ་ཡང་གནོད་ཚབས་ཧ་ཅང་ཆེ། གཤིས་རྒྱུད་ཀྱང་བཟང་པོ་མི་ཆགས། ད་དུང་བྱིས་པར་མི་ཆེན་ལྟར་གོས་མང་པོ་མི་གྱོན། བྱིས་པ་ནི་མི་ཆེན་ལྟར་འཁྱག་སླ་བ་ཞིག་ཀྱང་མིན།
20: ཁ་ནས་ཞི་བདེ་དང་འཆམ་མཐུན་གྱི་འབོད་ཚིག་སྒྲོག་ཀྱང་། ལག་ཏུ་དབྱུག་པ་འཛིན། ཕུལ་བྱུང་གི་ཁྱིམ་ཚང་ཞིག་ལ་མཚོན་ན། བྱིས་པའི་ཉེ་སར་རང་ཉིད་འདང་རྩིས་ཆེ་བའི་ཅ་ལག་དང་། རང་ཉིད་དགའ་བའི་མི་ཡོད།
21: ནམ་རྒྱུན་བྱིས་པའི་བཟའ་བཏུང་དང་ཉལ་ལངས་གཅིག་པུར་ཁ་ཡ་བྱེད་པ་ནི། བྱི་ལ་གསོ་སྟངས་ལས། བྱིས་པ་སྐྱོང་བའི་སློབ་གསོའི་ཆོས་ཉིད་དང་མི་མཐུན་ནོ།།
22;ཕ་མའི་གོ་རྟོགས་མ་སད་བར་དུ་བྱིས་པའི་གོ་རྟོགས་སད་པ་ཧ་ཅང་འཕྱི། བྱིས་པར་སྔ་ཙམ་ནས་བསམ་བློ་ཅན་གྱི་དཔེ་ཆར་ལྟ་རུ་འཇུག་པ་ལས་ཕ་མས་སྔོན་དུ་དེ་དག་ལ་བལྟས་ན་བཟང་། བྱིས་པས་རོལ་རྩེད་ལ་གཡེང་ཆོག
23: བུ་གཡོག་མར་བརྩི་བཀུར་བྱེད་དགོས་ཤིང་། ལས་ཀའི་འགན་འཁུར་ཡང་ཡོད། འོན་ཀྱང་བྱིས་པའི་ལྟ་སྐྱོང་གི་འགན་ཐམས་ཅད་བུ་གཡོག་མར་སྤྲད་ན་མི་ཆོག
24: དབུལ་ཕོངས་ནི་སློབ་གསོའི་མ་རྩ་ཡིན་ཞིང་། དབུལ་བོའི་ཁྱིམ་ཚང་གི་བྱིས་པས་ཁྱིམ་འཛིན་སྔ་བ་ནི་སད་རྟོགས་འབྱུང་ཚུལ་གྱི་དཔེ་གསོན་པོ་ཞིག་ཡིན།
25: ཕ་མས་ངེས་པར་དུ་བྱིས་པར་ངལ་རྩོལ་གྱི་དཀའ་ངལ་ལ་གོམས་འདྲིས་ཡོད་དུ་འཇུག་དགོས།
26: ཕ་མས་ཕྱི་རུ་ཞོར་ལས་གཉེར་ན་ཡང་བྱིས་པའི་གཉོར་སྐྱོང་ལ་འགན་ཁུར་དགོས་པ་ལས། དངོས་པོའི་སྟེང་ནས་བྱིས་པར་ཅི་འདོད་སྦྱིན་པ་ཙམ་གྱིས་མི་འགྲིག
27: བྱ་བའི་བྲེལ་བ་ཆེ་བའི་ཕ་མ་ཡིན་ན། སྔ་ཙམ་ནས་བྱིས་པར་རང་འགུལ་ནུས་པ་གསོ་སྐྱོང་བྱེད་པ་དང་། རང་ཉིད་འགན་སྲུང་དང་རང་ནུས་འདོན་པའི་སྦྱོང་བརྡར་བྱེད། བྱིས་པ་རང་གིས་དཀའ་ངལ་ལ་གདོང་སྤྲོད་ཐུབ་པ་དང་། དཀའ་ངལ་ལ་མི་སྐྲག་པ། དཀའ་ངལ་ལ་ཐུག་དུས་འབད་བརྩོན་དང་ཐབས་ཤེས། གྲོགས་པོར་འབྲེལ་འདྲིས་བྱེད་སྟངས་ཤེས་དགོས། གལ་ཏེ་བྱིས་པས་སྡུག་རུས་བྱས་ཀྱང་མ་འགྲུབ་པ་ཡིན་ན། ད་གཟོད་ཕ་མས་བྱིས་པར་རོགས་རམ་བྱེད་དགོས།
28: ནམ་རྒྱུན་ལས་ཀར་འགྲོ་དགོས་པའི་ཕ་མ་ཡིན་ན། ཁྱིམ་དུ་བྱིས་པའི་དགེ་རྒན་གདན་འདྲེན་ཞུ་བའམ། བྱིས་པར་འདུག་རོགས་ཅིག་བཙལ་དགོས། དངུལ་གཏོང་བར་སེར་སྣ་མི་བྱེད།
29: གལ་ཏེ་ཕ་མ་གཉིས་ལས་ཀར་འགྲོ་དགོས་ནས་བྱིས་པ་དང་མཉམ་དུ་འདུག་ཐབས་མེད་ན། ངེས་པར་དུ་དགེ་རྒན་དང་འདུག་རོགས་ཅིག་བཙལ་དགོས། དེ་ཡང་སྤྱིར་བཏང་གི་དགེ་རྒན་དང་མི་ཞིག་མ་ཡིན་པར། ཆེད་ལས་རང་བཞིན་གྱི་དགེ་རྒན་དང་སློབ་གསོའི་མྱོང་རྟོགས་ཅུང་མཐོ་བའི་མི་ཞིག་ཡིན་དགོས།
30: བྱིས་པའི་སྤོ་བོ་ལགས་སྔོན་གྱི་སློབ་གསོར་ཅུང་ཆ་རྒྱུས་ཡོད་སྲིད་ཀྱང་། བྱིས་པ་སྐྱོང་ཐབས་ཐད་དུ་ཏག་ཏག་དུས་རབས་ཀྱི་རྗེས་མ་ཆོད་པའི་ལྟ་ཚུལ་ཡོད་ཁོ་ཐག་ཡིན།