༄༅།།ལོ་རིམ་དྲུག་པའི་སྟོད་ཆའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་འཆར་གཞི།
སློབ་རིམ: ལོ་རིམ་དྲུག་པ་སྟོད་ཆ རྣམ་པ: .doc
ལས་ཁུངས:ཉག་རོང་རྫོང་སློབ་གསོ་ཅུས་སློབ་དཔྱོད་ཁང་། སྤེལ་དུས:2016-11-08
ཡིག་གཟུགས:པཎྟི་ཡིག་གཟུགས སྐད་རིགས:བོད་ཡིག
རྩོམ་པ་པོ:པད་མ་ཆོས་གྲགས། ཕབ་ལེན་གྲངས།:
- སློབ་ཆུང་ལོ་རིམ་གཉིས་པོའི་སྟོད་ཆ ། བོད་སྐད་ཡིག་གི་ཁྲིད་ཟིན་ཆ་ཚང་།( གསར་བ)
- སློབ་ཆུང་ལོ་རིམ་དང་པོའི་སྟོད་ཆའི་ཁྲིད་ཟིན་ཆ་ཚང་། (སློབ་དེབ་གསར་བ)
- སློབ་ཆུང་ལོ་རིམ་གཉིས་པོའི་སྟོད་ཆ ། དགེ་རྒན་གྱི་སློབ་ཁྲིད་སྤྱོད་དེབ། ཆ་ཚང་།( གསར་བ)
- སློབ་ཆུང་ལོ་རིམ་ལྔ་པའི་སྟོད་ཆའི་སློབ་ཁྲིད་དཔྱད་གཞི
- 3.ལེགས་བཤད་ཚན་པ་གསུམ ལོ་རིམ་གསུམ་པ
- ལོ་རིམ་གསུམ་པའི་སྟོད་ཆ ། ལོ་ཏོག
- ལོ་རིམ་གསུམ་པའི་སྟོད་ཆ ། སྟོན་གྱི་ཉམས་སྣང་།
- ལོ་རིམ་ལྔ་པའི་སྨད་ཆའི་བོད་སྐད་ཡིག་དགེ་རྒན་གྱི་སློབ་ཁྲིད་སྤྱོད་དེབ །
- ལོ་རིམ་ལྔ་པའི་སྟོད་ཆའི་བོད་སྐད་ཡིག་དགེ་རྒན་གྱི་སློབ་ཁྲིད་སྤྱོད་དེབ །
- ལོ་རིམ་གཉིས་པའི་སྨད་ཆའི་ཁྲིད་ཟིན ། སྡེ་ཚན་ལྔ་པ ། ༼ གསར ༽
- ལོ་རིམ་གཉིས་པའི་སྨད་ཆའི་ཁྲིད་ཟིན ། སྡེ་ཚན་བཞི་པ ། ༼ གསར ༽
- ལོ་རིམ་གཉིས་པའི་སྨད་ཆའི་ཁྲིད་ཟིན ། སྡེ་ཚན་གསུམ་པ ། ༼ གསར ༽
- ལོ་རིམ་གཉིས་པའི་སྨད་ཆའི་ཁྲིད་ཟིན ། སྡེ་ཚན་གཉིས་པ ། ༼ གསར ༽
- ལོ་རིམ་གཉིས་པའི་སྨད་ཆའི་ཁྲིད་ཟིན ། སྡེ་ཚན་དང་པོ ། ༼ གསར ༽
ངོ་སྤྲོད་མདོ་བསྡུས །
༡ མཛུབ་ཁྲིད་བསམ་བློ།
ཏང་གི་སློབ་གསོའི་མཛད་ཕྱོགས་དང་སྲིད་ཇུས་ལག་བསྟར་ལེགས་པར་བྱས་ཏེ་སློབ་མའི་ཀུན་སྤྱོད་དང་། ཤེས་རིག། གཟུགས་པོ་བཅས་ཕྱོགས་ཡོངས་ལ་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གོ་རྟོགས་ཡོད་པ་དང་། ཤེས་རིག་ལྡན་པའི་མི་སྣ་གསོ་སྐྱོང་བྱ་རྒྱུར་རྨང་གཞི་གདིང་རྒྱུ་གཙོ་བོར་འཛིན་ཐོག་སློབ་ཆུང་སྐད་ཡིག་གི་《སློབ་ཁྲིད་རྩ་འཛིན་》མཛུབ་ཁྲིད་དུ་བཟུང་བ་དང་། སྐད་ཡིག་བསླབ་གཞི་འདི་ཉིད་གཞི་འཛིན་སར་བྱས་ཏེ་རྩ་འཛིན་ནང་འཁོད་པའི་གཏན་འབེབས་ཁག་དང་རྩོམ་སྒྲིག་གི་རིག་ལམ་མངོན་གང་ཐུབ་བྱ་རྒྱུ།
༢ བསླབ་གཞི་ངོ་སྤྲོད།
བསླབ་གཞི་འདིར་ཁྱོན་སློབ་ཚན་༢༩ཡོད་པ་ལས། བཤད་ཁྲིད་སློབ་ཚན་༡༨དང་། བརྡ་སྤྲོད་སློབ་ཚན་ ༡། རང་ཀློག་སློབ་ཚན་ ༤ ། སྐད་ཡིག་ཤེས་བྱའི་དགའ་ཚལ་ ༧ བཅས་ལས་གྲུབ་པ་ཡིན།
༣ བསླབ་གཞིའི་གཙོ་གནད་དང་དཀའ་གནད།
བསླབ་གཞི་འདིའི་སློབ་ཚན་གྱི་ནང་དོན་ཁག་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་སློབ་ཁྲིད་རྩ་འཛིན་གྱི་རེ་ འདུན་ཇི་བཞིན་སློབ་ཁྲིད་ཀྱི་ལྷུ་ཚིགས་ཁག་ལེགས་པར་གྲུབ་རྒྱུ་མ་ཟད། རང་འཛིན་གྲྭའི་སློབ་མའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་རྒྱུན་གཏན་ནས་དག་ཆ་དང་། བརྡ་སྤྲོད་རིག་པའི་ཤེས་བྱར་དོ་སྣང་དང་། རྩོམ་ཡིག་འབྲི་བ་དང་། རྩོམ་ཡིག་ལ་དབྱེ་ཞིབ་བྱེད་པ། གཏམ་རྒྱུད་དང་ལེགས་བཤད་གཏམ་རྒྱུད་ཀྱི་གནས་ལུགས་རྟོགས་ཐུབ་པ་མ་ཟད་དེ་དག་རྒྱུན་གཏན་གྱི་རྩོམ་འབྲིའི་བྱ་བ་དངོས་ནང་བེད་སྤྱོད་བྱེད་པའི་གོམས་གཤིས་ཡག་པོ་འཇགས་པ་དང་། ཁོར་ཡུག་གི་ཡུལ་ལྗོངས་དང་། མི་སྣ། སྲོག་ཆགས། རང་བྱུང་ཁམས་ཀྱི་སྣང་ཚུལ་སོགས་ལ་ལྟ་ཞིབ་བྱེད་པའི་ནུས་པ་གསོ་སྐྱོང་། རང་གི་བསམ་ཚུལ་དང་ལྟ་བ། མཐོང་ཐོས་མྱོང་གསུམ་ངག་ལམ་ནས་བརྗོད་ཐུབ་པ་མ་ཟད་ཡིག་ལམ་དུ་ཅུང་ཡང་དག་པའི་སྒོ་ནས་འགོད་ཐུབ་པ་བྱས་ཏེ་སློབ་མ་ཚོའི་ཀློག་གི་ནུས་པ་དང་། བལྟ་བའི་ནུས་པ། ཉན་པ་དང་བཤད་པའི་ནུས་པ། འབྲི་བའི་ནུས་པ། དོན་ལ་གོ་པ་ལེན་པའི་ནུས་པ། སྐད་ཡིག་འབྲེལ་འདྲིས་ཀྱི་ནུས་པ། དབྱེ་ཞིབ་ཀྱི་ནུས་པ། བརྡ་སྤྲོད་བེད་སྤྱོད་ཀྱི་ནུས་པ། རྩོམ་འབྲིའི་ནུས་པ་སོགས་ཁྱོན་ཡོངས་ནས་གསོ་སྐྱོང་ཐུབ་པ་བྱས་ཏེ་སློབ་རིམ་འདིར་བཏོན་པའི་རེ་འདུན་ཁག་སྒྲུབ་གང་ཐུབ་བྱེད་རྒྱུ་དེ་ནི་གཙོ་གནད་ཡིན་ལ་དཀའ་གནད་ཀྱང་ཡིན་ནོ།
དམིགས་རེ༎ སློབ་དེབ་འདིའི་ནང་གི་སྦྱང་གཞི་དང་སྐད་ཡིག་ཤེས་བྱའི་དགའ་ཚལ་ནང་གི་ཡི་གེའི་དག་ཆ་སྦྱོང་བ་དང་། སྐད་བརྡ་གསོག་འཇོག་བྱེད་པ། བསམ་གཞིག་གི་བློ་སྒོ་འབྱེད་པ། བརྗོད་པ་འབྲི་བ། བརྡ་སྦྱོར་འབྲི་བ། རེ་ཞུ་ཡི་གེ སྐད་ཡིག་ཤེས་བྱ་བཀོལ་སྤྱོད་བྱེད་པའི་ནུས་པ་སྐྱེད་བསྲིང་བྱེད་ཐུབ་པ་བཅས་གཙོ་གནད་དུ་བཟུང་ནས་ སློབ་མ་རྣམས་སྐད་ཡིག་གི་ཤེས་བྱ་སྦྱངས་ནས་ཤེས་པར་བྱེད་མཁན་ཞིག་ནས་སྦྱོང་ཤེས་པར་བྱེད་མཁན་ཞིག་ཏུ་འགྱུར་ཕྱིར་དམིགས་པ་མ་ཟད་སློབ་མར་སློབ་སྦྱོང་བྱེད་པའི་གྲོགས་པོའི་ངག་འགྲོས་ཀྱི་ཐོག་ནས་སྦྱོང་བརྡར་གྱི་ནང་དོན་རྣམས་བཀོད་སྒྲིག་བྱས་ཏེ་སློབ་མར་སྙིང་ཉེ་ཞིང་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཕྱིར་རོ༎