དེང་གཞས།ཕྱི་ལོག་པ །
ང་ནི་གངས་ལྷ་མེ་ཏོག
ལེན་མཁན ། :སྐལ་བཟང་སྒྲོལ་མ།
སྤེལ་དུས། : 2021-10-20 ཀློག་གྲངས།:
གཞས་ཚིག །
ང་ནི་གངས་ལྷ་མེ་ཏོག
ཚིག ཀུན་དགའ་ཡེ་ཤེས།
དབྱངས། གྲུ་བ་ཚེ་རིང་།
ལེན་མཁན། སྐལ་བཟང་སྒྲོལ་མ།
་ ་ ་
ནམ་མཁའི་སྤྲིན་པ་དཀར་པོ།
ཁྱོད་ནི་ང་ཡི་གྲོགས་པོ།
སྤང་གི་མེ་ཏོག་སེར་ཆེན།
ཁྱོད་ནི་ང་ཡི་གྲོགས་པོ།
ཁྱོད་ཀྱིས་མཐོང་བ་ཡོད་ན།
ང་ནི་གངས་ལྷ་མེ་ཏོག
ང་ནི་གངས་ལྷ་མེ་ཏོག
སྟོད་ཀྱི་རྫ་རི་སྨུག་པོ།
ཁྱོད་ན་ང་ཡི་གྲོགས་པོ།
སྨད་ཀྱི་དྭངས་གསལ་མཚོ་མོ།
ཁྱོད་ནི་ང་ཡི་གྲོགས་པོ།
ཁྱོད་ཀྱིས་མཐོང་བ་ཡོད་ན།
ང་ནི་གངས་ལྷ་མེ་ཏོག ང་ནི་གངས་ལྷ་མེ་ཏོག
་ ་ ་
ང་ནི་གངས་ལྷ་མེ་ཏོག ང་ནི་གངས་ལྷ་མེ་ཏོག
གྲོགས་པོ། འུ་ཚོ་མཉམ་ཏུ་སྤང་ལ་འགྲོ
ང་ཚོས་མཉམ་ཏུ་མེ་ཏོག་འདེབ།
མེ་ཏོག་མང་ན་འཇིག་རྟེན་མཛེས་པའི་རྒྱན་ཆ་རེད།
གྲོགས་པོ། འུ་ཚོ་མཉམ་ཏུ་སློབ་གྲྭར་འགྲོ
སློབ་གྲྭ་བཟང་པོ་ཤེས་རིག་གི་སྐྱེད་ཚལ་རེད།
ང་ཚོས་མཉམ་ཏུ་ཤེས་རིག་སྦྱངས།
ཤེས་རིག་འཛོམས་ན་གངས་ཅན་བོད་པའི་རྒྱན་ཆ་རེད།
ང་ནི་གངས་ལྷ་མེ་ཏོག ང་ནི་གངས་ལྷ་མེ་ཏོག
་ ་ ་
སྤང་ལྗོངས་དབུས་ཀྱི་སྦྲང་ཆུང་། ཁྱོད་ནི་ང་ཡི་གྲོགས་པོ།
འདབ་ལོའི་ཁྲོད་ཀྱི་ཕྱེ་ལེབ། ཁྱོད་ནི་ང་ཡི་གྲོགས་པོ།
ཁྱོད་ཀྱིས་མཐོང་བ་ཡོད་ན།
ང་ནི་གངས་ལྷ་མེ་ཏོག ང་ནི་གངས་ལྷ་མེ་ཏོག
སློབ་རའི་གླིང་གི་བུ་ཆུང་། ཁྱོད་ནི་ང་ཡི་གྲོགས་པོ།
དགའ་ཚལ་འདབ་ཀྱི་བུ་མོ། ཁྱོད་ནི་ང་ཡི་གྲོགས་པོ།
ཁྱོད་ཀྱིས་མཐོང་བ་ཡོད་ན།
ང་ནི་གངས་ལྷ་མེ་ཏོག ང་ནི་གངས་ལྷ་མེ་ཏོག
ང་ནི་གངས་ལྷ་མེ་ཏོག ང་ནི་གངས་ལྷ་མེ་ཏོག
གྲོགས་པོ། འུ་ཚོ་མཉམ་ཏུ་ནགས་ལ་འགྲོ
ནགས་ཀློང་མཐུག་པོའི་རྒྱན་ཆ་རེད། ང་ཚོས་མཉམ་ཏུ་སྲུང་སྐྱོབ་བྱེད། སྲུང་སྐྱོབ་བྱས་ན་ཁོར་ཡུག་བཟང་བོའི་རྒྱན་ཆ་རེད།
གྲོགས་པོ། འུ་ཚོ་མཉམ་ཏུ་རི་ལ་འགྲོ
རི་རྩེ་ཁ་བ་དཀར་པོའི་བརྗིད་ཉམས་ལ། ང་ཚོས་མཉམ་ཏུ་བསྟོད་དབྱངས་ལེན། བསྟོད་དབྱངས་སྙན་མོ་བུང་བའི་སེམས་ཀྱི་འགྱུར་ཁུག་རེད།
ང་ནི་གངས་ལྷ་མེ་ཏོག ང་ནི་གངས་ལྷ་མེ་ཏོག
ང་ནི་གངས་ལྷ་མེ་ཏོག ང་ནི་གངས་ལྷ་མེ་ཏོག
ཀློག་གྲངས་མང་ཤོས།
༄༅།།བོད་ལྗོངས་སློབ་ཆེནVSམཚོ་སྔོན་སློབ་ཆེན།
ཁ་བཏགས་དཀར་པོ།
སེམས་ཀྱི་གཞས་ཆུང་།
ངའི་ལག་གི་ཁ་བཏགས་དཀར་བོ་འདི།
གཞས་ར་ཕྲ་མོ།<སྟོད་ཆ།>
རོང་ཆེན་གཅན་ཚ།