དེང་གཞས།ཕྱི་ལོག་པ །
ཉི་ཟླ་ཆ་འགྲིག
གཞས་ཚིག །
ཉི་ཟླ་ཆ་འགྲིག
♫. ♪~♬..♩
ཚིག ཚེ་ཤུལ་བསྟན་པའི་སྒྲོན་མེ།
词:才旭•旦贝仲劢
དབྱངས། བློ་གསལ།
作曲/罗萨
ལེན་མཁན། བློ་གསལ། གུ་རུ།
演唱/罗萨 格日
↓ ↓ ↓ ↓ ↓
འབྲོག་མོ་འབྲོག་མོ་ཟེར་བའི།
གཤིས་བཟང་གཞུང་རྒྱུད་དྲང་བའི་འབྲོག་མོ།
འཛུམ་མདངས་སྙིང་ལ་བཞག་སོང་།
དམར་ཆུང་སྙིང་གི་ནོར་བུ་ཁྱོད་ཡིན།
འགྱུར་མེད་མནའ་ཚིག་འཇོག་དང་།
བརྩེ་བ་བརྩེ་བའི་ལོ་ཟླར།
དམ་བཅའ་ང་རང་མི་འགྱུར།
འུ་གཉིས་ཉི་ཟླ་ཆ་འགྲིག
སྐྱིད་སྡུག་གཅིག་ལ་འགྲོགས་ཏེ།
འཚོ་བ་མཉམ་དུ་རོལ་ཆོག
འབྲོག་མོ་འབྲོག་མོ་ཟེར་བའི།
ལང་ཚོའི་འཇོ་སྒེག་ལྡེམ་པའི་འབྲོག་མོ།
ཟུར་མིག་སེམས་ལ་ཕོག་སོང་།
ཡ་ཆུང་སེམས་ཀྱི་རི་མོ་ཁྱོད་ཡིན།
འགྱུར་མེད་སྨོན་ལམ་ཐོབས་དང་།
དུང་བ་དུང་བའི་ལོ་ཟླར།
མནའ་ཚིག་ང་རང་མི་འགྱུར།
འུ་གཉིས་གནམ་ས་ཆ་འགྲིག
ལས་དབང་གཅིག་ལ་འགྲོགས་ནས།།
འཇིག་རྟེན་མཉམ་དུ་རྩེད་ཆོག།
འགྱུར་མེད་དམ་བཅའ་གནོངས་དང་།
མཐུན་པ་མཐུན་པའི་ལོ་ཟླར།
ཕྱི་ཐག་ང་རང་མི་ལྷོད།
འུ་གཉིས་བརྩེ་དུང་ཆ་འགྲིག
གཡང་ཁྱིམ་གཅིག་ནས་འགྲོགས་ཏེ།
འཁོར་བ་མཉམ་དུ་བསྐྱངས་ཆོག
ཀློག་གྲངས་མང་ཤོས།
- ༄༅།།བོད་ལྗོངས་སློབ་ཆེནVSམཚོ་སྔོན་སློབ་ཆེན།
- ཁ་བཏགས་དཀར་པོ།
- ངའི་ལག་གི་ཁ་བཏགས་དཀར་བོ་འདི།
- སེམས་ཀྱི་གཞས་ཆུང་།
- གཞས་ར་ཕྲ་མོ།<སྟོད་ཆ།>
- རོང་ཆེན་གཅན་ཚ།