དེང་གཞས།ཕྱི་ལོག་པ །
སྐར་འོད་ལམ་ལམ།
གཞས་ཚིག །
ཚིག་རྩོམ་མཁན། འབྲུག་ལྷ་རྒྱལ།
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
ལེན་མཁན། མགར་བསམ་འགྲུབ་ཚེ་རིང་། ལྷ་སྐྱིད། སྒྲོན་པེ། སངས་རྒྱས་ཚེ་རིང་།
1
དོ་ནུབ་ང་ཁྱོད་ཀྱི་མཚན་གཞུང་ན་ཡོད། སེམས་ཀྱིས་ཚོར་བ་ཨེ་བྱུང་།
ཁྱོད་ཀྱི་རྨི་ལམ་རེ་རེའི་སྔས་འགྲམ་ལ་སེམས་པ་གླན་ཡོད།
ཁྱོད་ཀྱི་ནམ་མཁའ་གཡའ་དག་པས། སྐར་ཕྲན་རེ་རེའི་མིག་ཟུང་སྒྲིབ་མེད།
དེ་ནི་ཁྱེད་ཀྱི་རུམ་ཁོང་ལ་ལྷུང་བའི་ནམ་མཁའི་གླུ་སྐད་རེད།
སྐར་འོད་ལམ་ལམ། རྒྱང་རིང་ནས་འོངས་པའི་གཉུག་མའི་སྨོན་འདུན་དཀར་པོ།
གཡང་གི་ཕ་ཁྱིམ་ལ་འཁྱིལ་བའི་བསོད་ནམས་སྟོང་གི་སྣུམ་ཞག་ཡིན།
ཡ་ཆུང་སྙིང་ན་གསལ་བའི་སྐར་ཚོགས་ཁྲི་འབུམ་འོད་དུ་སྒྲོན་དུས།
ཁྱེད་ཀྱི་གངས་རྩེ་ལ་རེག་པའི་ནམ་མཁར་བལྟས་ཡོད། སྐར་འོད་ལམ་ལམ།
སྐར་འོད་ལམ་ལམ། སྐར་འོད་ལམ་ལམ།
ནམ་མཁའི་སྐར་འོད་ལམ་ལམ། སེམས་ཀྱི་སྐར་འོད་ལམ་ལམ།
སྐར་འོད་ཁྲི་སྟོང་དབུས་ནས་ཁྱེད་ཀྱི་དབུ་འཕང་མཐོང་ཡོད།
ང་ཡི་གངས་ལྗོངས་སྐར་འོད་ལམ་ལམ། སྐར་འོད་ལམ་ལམ།
2
དོ་ནུབ་ང་ཁྱོད་ཀྱི་མཁའ་དབྱིངས་ན་ཡོད། སེམས་ཀྱིས་ཚོར་བ་ཨེ་བྱུང་།
ཁྱོད་ཀྱི་སྙིང་གཏམ་རེ་རེའི་དྲོད་འཇམ་ལ་བྲང་ཁོག་གཏད་ཡོད།
ཁྱོད་ཀྱི་ནམ་མཁའ་རྒྱ་ཆེ་བས། སྐར་ཕྲན་རེ་རེའི་བཞུད་ལམ་འགག་མེད།
དེ་ནི་ཁྱེད་ཀྱི་སྤྱི་གཙུག་ལ་བབས་པའི་ནམ་མཁའི་སྤྱན་གཟིགས་རེད།
སྐར་འོད་ལམ་ལམ། རྒྱང་རིང་ནས་འབྱོར་བའི་བསྐལ་བའི་གཟི་བྱིན་སྣུམ་པོ།
ལས་ཀྱི་ཕ་ཁྱིམ་ལ་འཐིམ་པའི་ཚེ་རབས་སྟོང་གི་གཡང་རྟེན་ཡིན།
དྲན་པའི་གཞི་ན་འཚེར་བའི་སྐར་ཚོགས་ཁྲི་འབུམ་གསལ་ལེར་མངོན་དུས།
ཁྱེད་ཀྱི་མཚོ་ངོགས་སུ་བཀྲ་བའི་ནམ་མཁར་བལྟས་ཡོད། སྐར་འོད་ལམ་ལམ།

ཀློག་གྲངས་མང་ཤོས།
- ༄༅།།བོད་ལྗོངས་སློབ་ཆེནVSམཚོ་སྔོན་སློབ་ཆེན།
- ཁ་བཏགས་དཀར་པོ།
- ངའི་ལག་གི་ཁ་བཏགས་དཀར་བོ་འདི།
- སེམས་ཀྱི་གཞས་ཆུང་།
- གཞས་ར་ཕྲ་མོ།<སྟོད་ཆ།>
- རོང་ཆེན་གཅན་ཚ།