དེང་གཞས།ཕྱི་ལོག་པ །
ལོ་གཡང་མཆོད་གླུ
གཞས་ཚིག །
ལོ་གཡང་མཆོད་གླུ
《新年谣》
གཞས་ཚིག ཞི་བདེ་ཉི་མ།
གཞས་གདངས། རྫོགས་ཆེན་བསྟན་འཛིན།
ལེན་མཁན། ཀུན་དགའ། ཚེ་དབང་ལྷ་མོ། ཤེར་བསྟན།
ཕོ།
གངས་ཆབ་སྔོན་མོ་ལྷུང་ལྷུང་སྟོད་ནས་འབབ།
ནས་འབྲུ་སྔོན་མོ་ཤག་ཤག་སྨད་ནས་འབབ།
སྨོན་ལམ་བཟང་བས་བདུད་རྩི་ཆང་ལ་གྱུར།
ཕ་དང་ཨ་ཁུས་བཞེས་ན་ཉམས་རེ་དགའ།
ཨ་གཡང་གིས་རྩེད། ལོ་གཡང་གིས་མཆོད།
དེ་རིང་བཀྲ་ཤིས་གནམ་ལོ་ལ།
རྒན་གྱི་ཚེ་ཐག་རིང་བོའི་མཆོད་གསུམ་འཕེན།
མོ།
དཀར་ཆུ་འོ་མ་ཤག་ཤག་གོང་ནས་འབབ།
ཇ་ལོ་མེ་ཏོག་ཞིམ་ཞིམ་གཤམ་ནས་འཁྱིལ།
སྨོན་ལམ་བཟང་བས་ཇ་ཟངས་ནང་ལ་འཛོམས།
ཞིམ་པོའི་འོ་ཇ་མ་དང་སྲུ་མོར་མཆོད།
ཨ་གཡང་གིས་རྩེད། ལོ་གཡང་གིས་མཆོད།
དེ་རིང་བཀྲ་ཤིས་གནམ་ལོ་ལ།
མ་དང་སྲི་མོའི་ལུས་སེམས་དྲོ་བར་ཤོག
ཕོ།
དགའ་བའི་གཞས་ཤིག་ལྷང་ལྷང་གཡས་ནས་བཏང།
མཉམ་པའི་བྲོ་ཞིག་ལྡེམ་ལྡེམ་གཡོན་ནས་འཁྲབ།
སྨོན་ལམ་བཟང་བས་ཁྲོམ་པ་གཅིག་ལ་འཛོམས།
བྲོ་གཞས་ཆ་འགྲིག་ཁ་ཡ་ན་ཟླར་འབུལ།
ཨ་གཡང་གིས་རྩེད། ལོ་གཡང་གིས་མཆོད།
དེ་རིང་བཀྲ་ཤིས་གནམ་ལོ་ལ།
ཁ་ཡ་ན་ཟླའི་ཁ་སེམས་མཐུན་པར་ཤོག
(མཉམ་ལེན)
ཨ་གཡང་གིས་རྩེད། ལོ་གཡང་གིས་མཆོད།
བཀྲ་ཤིས་ཀྱི་ལོ་གཡང་ཁྱེད་ལ་མཆོད།
སྐལ་བཟང་གི་ལོ་གཡང་ཁྱེད་ལ་མཆོད།
བདེ་ལེགས་ཀྱི་ལོ་ཡི་ལོ་གཡང་ཁྱེད་ལ་མཆོད།
ཨ་གཡང་གིས་རྩེད།
ལོ་གཡང་གིས་མཆོད།
བཀྲ་ཤིས་ཀྱི་ལོ་གཡང་ཁྱེད་ལ་མཆོད།
སྐལ་བཟང་གི་ལོ་གཡང་ཁྱེད་ལ་མཆོད།
བདེ་ལེགས་ཀྱི་ལོ་ཡི་ལོ་གཡང་ཁྱེད་ལ་མཆོད།
ཀློག་གྲངས་མང་ཤོས།
- ༄༅།།བོད་ལྗོངས་སློབ་ཆེནVSམཚོ་སྔོན་སློབ་ཆེན།
- ཁ་བཏགས་དཀར་པོ།
- ངའི་ལག་གི་ཁ་བཏགས་དཀར་བོ་འདི།
- སེམས་ཀྱི་གཞས་ཆུང་།
- གཞས་ར་ཕྲ་མོ།<སྟོད་ཆ།>
- རོང་ཆེན་གཅན་ཚ།