དེང་གཞས།ཕྱི་ལོག་པ །
གནའ་དེང་མ་བཤད་ན།
གཞས་ཚིག །
གནའ་དེང་མ་བཤད་ན།
年少轻狂
ལེན་མཁན། སངས་རྒྱས་ཚེ་རིང་།
演唱~桑杰才让
གནའ་དེང་མ་གསར་བུ་ངར་དུས།
སྐྲ་ནག་པོ་ཕྲག་ནས་གཡུགས་ཞོར།
བོའུ་ཆ་རིང་རྒྱབ་ལ་ཁུར་རེས།
རྟ་རྐྱང་རྒོད་ཡེར་བ་ཞོན་ཏེ།
གླིང་གེ་སེར་ཟེར་ན་ང་ཡིན་འདོད་གཟིག
དུས་དེང་སང་བཤད་ན་ལབ་གཟིག་རེད།
གནའ་དེང་མ་ཤོམ་པ་ཡིན་དུས།
ཕྲུག་དམར་པོ་ཆུ་ལྭ་བྱས་ཞོར།
དངུལ་མཛུབ་དཀྲིས་མཚམས་རྟགས་བྱིན་ཏེ།
ཆང་བདུད་རྩི་སྐོམ་ཆུ་བྱས་གཟིག།
གླིང་རྒྱ་ཚ་ཟེར་ན་ང་ཡིན་འདོད་གཟིག།
དུས་དེང་སང་བཤད་ན་ལབ་གཟིག་རེད།
གནའ་དེང་མ་སྣང་བ་མཐོ་དུས།
དངུལ་གློ་གྲི་སྐེག་ལ་དཔྱངས་གཟིག།
ལྕགས་ནག་པོ་མགོ་བསྐོར་བཟུང་སྟེ།
སུ་ཡིན་གོ་སྟེང་ལ་དཔའ་གཟིག།
དཔའ་ཚ་ཞང་ཟེར་ན་ང་ཡིན་འདོད་གཟིག
དུས་དེང་སང་བཤད་ན་ལབ་གཟིག་རེད།
ཀློག་གྲངས་མང་ཤོས།
- ༄༅།།བོད་ལྗོངས་སློབ་ཆེནVSམཚོ་སྔོན་སློབ་ཆེན།
- ཁ་བཏགས་དཀར་པོ།
- ངའི་ལག་གི་ཁ་བཏགས་དཀར་བོ་འདི།
- སེམས་ཀྱི་གཞས་ཆུང་།
- གཞས་ར་ཕྲ་མོ།<སྟོད་ཆ།>
- རོང་ཆེན་གཅན་ཚ།