དེང་གཞས།ཕྱི་ལོག་པ །
མཚོ་འགྲམ་གྱི་སྐར་ཚོམ།
གཞས་ཚིག །
མཚོ་འགྲམ་གྱི་སྐར་ཚོམ།
♫. ♪~♬..♩
ཚིག ཨོ་རྒྱན་འཕྲིན་ལས།
དབྱངས། མགར་བསམ་འགྲུབ་ཚེ་རིང་།
ལེན་མཁན། མགར་བས་འགྲུབ་ཚེ་རིང་།
↓ ↓ ↓ ↓ ↓
ཨེ་མ་ཧོ། ངོ་མཚར་ཆེ།
སྔོན་དུས་ཞབས་དཀར་ཚོགས་དྲུག་རང་གྲོལ་མཆོག
སྐུ་འཁོར་ལྷན་རྒྱས་གངས་རིའི་བླ་མཚོའི་འགྲམ།།
ཞབས་ཟུང་བསྒྱུར་ནས་ཆོས་ཀྱི་འཁོར་ལོ་བསྐོར།།
བརྩེ་ཆེན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།
ཨེ་མ་ཧོ། ངོ་མཚར་ཆེ།
བར་དུ་ཁོང་གི་སློབ་བརྒྱུད་དུ་མ་ཡིས།།
ངེས་དོན་སྒྲུབ་པའི་བསྟན་པ་འདི་ནས་བཟུང་།།
སྐྱབས་མགོན་ཞབས་དཀར་སྐུ་ཕྲེང་གཉིས་པ་ཡིས།།
ཕུན་ཚོགས་བཀྲ་ཤིས་ཆོས་སྒང་ཞེས་སུ་གསོལ།།
ཨེ་མ་ཧོ། ངོ་མཚར་ཆེ།
ཐ་མར་ཁོང་གི་ཐུགས་སྲས་ཐེག་མཆོག་རྗེ།།
དགོན་འདིའི་བསྟན་པའི་བདག་པོར་མངའ་གསོལ་ནས།།
ཆེ་བ་དྲུག་ལྡན་སྔ་འགྱུར་བརྒྱུད་པའི་སྲོལ།།
མདོ་སྔགས་ཟུང་གི་བསྟན་པ་འདི་ནས་སྤེལ།།
ཨེ་མ་ཧོ། ངོ་མཚར་ཆེ།
དེ་ལྟར་ཡང་སྤྲུལ་སྐྱབས་རྗེ་བླ་མ་མཆོག།
འཇམ་དབྱངས་སྐལ་ལྡན་རྒྱ་མཚོ་ལ་སོགས་ཀྱིས།།
དུས་འཁྲུགས་ངན་པའི་འཕོ་འགྱུར་གྲོལ་བ་ན།།
ཡང་དར་བསྟན་པའི་མེ་རོ་འདི་ནས་བསླངས།
ཨེ་མ་ཧོ། ངོ་མཚར་ཆེ།
བླ་མེད་ཐུགས་བསྐྱེད་ཆེན་པོའི་གོ་ཆ་ཅན།།
མཁན་སྤྲུལ་ཉི་མ་རྒྱལ་མཚན་ཞེས་གྲགས་པས།།
གནས་འདིའི་བསྟན་པ་ཉམས་དམས་གྱུར་བ་ན།།
བཤད་དང་སྒྲུབ་པའི་འདུ་བ་རྒྱས་བར་བྱས།།
ཨེ་མ་ཧོ། ངོ་མཚར་ཆེ།
གྲུབ་དབང་རྫོགས་ཆེན་ཡབ་སྲས་རིམ་བྱོན་གྱིས།།
བསྟན་པ་སྤྱི་དང་ཡང་དགོས་མདོ་སྨད་འདིར།།
རླབས་ཆེན་བསྟན་འགྲོའི་དོན་ལ་ཉེར་དགོངས་ནས།།
བླ་མེད་བཀའ་དྲིན་བསྐྱངས་བ་ཐེངས་གཅིག་མིན།།
ཨེ་མ་ཧོ། ངོ་མཚར་ཆེ།
བསྟན་འཛིན་འཇིགས་མེད་འཕྲིན་ལས་ཀུན་ཁྱབ་དཔལ།།
མཚན་དཔེ་སྐུ་ཡི་ཉི་གཞོན་འདི་ནས་འཁྲུངས།།
མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ་བས།།
དོན་གཉིས་མཐར་ཕྱིན་བདེ་སྐྱིད་དཔལ་གྱིས་འཚོ།།
ཀློག་གྲངས་མང་ཤོས།
- ༄༅།།བོད་ལྗོངས་སློབ་ཆེནVSམཚོ་སྔོན་སློབ་ཆེན།
- ཁ་བཏགས་དཀར་པོ།
- ངའི་ལག་གི་ཁ་བཏགས་དཀར་བོ་འདི།
- སེམས་ཀྱི་གཞས་ཆུང་།
- གཞས་ར་ཕྲ་མོ།<སྟོད་ཆ།>
- རོང་ཆེན་གཅན་ཚ།