དེང་གཞས།ཕྱི་ལོག་པ །
ཆུང་དུས་ཀྱི་སྙིང་ཐུབ།
གཞས་ཚིག །
ཆུང་དུས་ཀྱི་སྙིང་ཐུབ།
青梅竹马
♫. ♪~♬..♩
གླུ་ཚིག གངས་རྒྱུད་ཐུབ་བསྟན་བཀྲ་ཤིས།
作词:岗杰土登扎西
དབྱངས། བསོད་ནམས་སྟོབས་རྒྱལ།
作曲:索南多杰
ལེན་མཁན། བསང་རྟ་མགྲིན།
演唱:桑旦正
↓ ↓ ↓ ↓ ↓
ལོ་ན་ཆུང་བའི་དུས་སུ།།
ཁ་མཚར་རྩེད་མཚར་བར་ནས།།
གཅིག་སེམས་གཅིག་ལ་འཁོར་ནས།།
གཏན་གྱི་འདུན་མ་འཁྲུངས་སོང་།།
ལམ་གཅིག་རྡོག་པའི་མནན་ནས།།
ལྷ་གཅིག་སེམས་ལ་བསྒོམ་ཆོག།
ལོ་ན་གཞོན་པའི་དུས་སུ།།
ཁ་འདྲིས་ཞེ་འདྲིས་བྱུང་ནས།།
ཁྱིམ་གཅིག་གཡང་ལ་འཛོམས་ནས།།
སྐྱིད་ཀྱི་འཚོ་བ་རོལ་བྱུང་།།
སྐྱིད་ཀྱི་རྩེད་དགའ་མཉམ་ནས།།
སྡུག་གི་སེམས་པ་ཁེན་ཆོག།
ལོ་ན་དར་བའི་དུས་སུ།།
ཁ་ཞེ་གཉིས་མེད་བྱས་ནས།།
གཅིག་རྒྱབ་གཅིག་གིས་བསྐྱོར་ན།།
མི་འགྱུར་དམ་བཅའ་བརྟན་ཡོང་།།
སེམས་ཀྱི་དམ་ཚིག་རུམ་ནས།།
ཚེ་གཅིག་མཉམ་དུ་བསྐྱལ་ཆོག།
ཀློག་གྲངས་མང་ཤོས།
- ༄༅།།བོད་ལྗོངས་སློབ་ཆེནVSམཚོ་སྔོན་སློབ་ཆེན།
- ཁ་བཏགས་དཀར་པོ།
- ངའི་ལག་གི་ཁ་བཏགས་དཀར་བོ་འདི།
- སེམས་ཀྱི་གཞས་ཆུང་།
- གཞས་ར་ཕྲ་མོ།<སྟོད་ཆ།>
- རོང་ཆེན་གཅན་ཚ།