སྙན་རྩོམ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

སྙན་རྩོམ།ཕྱི་ལོག་པ །

    • འཆར་ཡན་གྱི་གླུ་རྟ་ཐོག་དགུ་འགྱུར། 

      དགུང་ཁྲི་གྲངས་སྐར་མའི་མར་ཞབས་ཀྱི།།
      འཇའ་ཉི་མའི་གུར་ཁུང་དབུས་མ་ན།།
      ཚོན་ཁ་དོག་རི་མོ་ཡ་ལ་ལ།། 
      དེའི་མཛེས་པ་རྨ་བྱའི་སྒྲ་གུར་འདྲ།། 

        སྤེལ་དུས། : 2022-02-16
    • བལྟས་ཙམ་ཡིད་འོང་འཕྲོག་པ།

      ཕར་འཁོར་ན་རྒྱབ་གཟུགས་མཐོང་བ་དེ།། ཚུར་འཁོར་ན་འཛུམ་ཆུང་མངོན་པ་དེ།། ལྷ་ལྷ་མོ་གང་ཡང་མ་རེད་མོད།། འཛུམ་ཆུང་ཆུང་གྱི་ལེར་མངོན་པ་ན།། ལྷའི་བུ་མོའི་འཛུམ་དང་འདྲ་བར་བྱུང་།། ཡང་ཕར་བལྟས་རྒྱབ་གཟུགས་མཐོང་བ་ན།།

        སྤེལ་དུས། : 2022-02-16
    • རིག་བྱེད་ངག་གི་པདྨ་དབྱངས་ཅན་བཞད་པའི་གེ་སར།

      མཚན་དཔེའི་མཛེས་སྡུག་གི་ཉི་མ།། མཚོ་སྟེང་པདྨ་ལས་མངོན་དུས།། nནང་སེམས་ཕྱེ་ལེབ་ཀྱི་བུ་མོ།། ཁྱོད་སྐུའི་ཉེ་འགྲམ་དུ་འཕུར་སོང་།།མཚར་མཚར་གར་སྟབས་ཀྱི་གློག་ཞགས།། མཐོན་མཐིང་ནམ་མཁའ་ནས་མངོན་དུས།། ངག་གི་རིག་བྱེད་ཀྱི་གླིང་བུའི།། རྩ་མདུད་ལྷག་མེད་དུ་གྲོལ་སོང་།། ཏིང་འཛིན་པདྨ་ཡི་སྟེང་དུ།། ཁྱོད་སྐུའི་རྣམ་པ་རུ་བྱོན་པའི།། བསླུ་མེད་གནས་ལུགས་ཀྱི་ངོ་བོ།། འོད་ཀྱི་བུ་ག་རུ་ཤར་སོང་།། ཟུར་མིག་བརྡ་ཐབས་ཀྱི་མགུར་གླུ།། བས་མཐའི་སྦྱིལ་བུ་རུ་ཐོས་དུས།། བདག་སེམས་སྐྱེ་མེད་ཀྱི་བུ་ཆུང་།། ཁྱོད་དང་ལྷན་གཅིག་ཏུ་འདྲེས་སོང་།།

      ཆུ་སྐྱེས་གེ་སར་ལ་འཁྱུད་པའི།།
      སྙན་ངག་རིགས་བྱེད་ཀྱི་བུང་བ།།
      རྣ་བའི་གསེར་གཞོང་དུ་ལྷུང་དུས།།
      ཡིད་ཀྱི་བུ་ཆུང་དེ་བཟི་སོང་།།

        སྤེལ་དུས། : 2022-02-16
    • འཁོར་བ་དང་མི་རྟག་པ།

      བརྟན་དང་མི་བརྟན་འབྱུང་ཁུངས་ལས།། ཕ་རོལ་ཕལ་བའི་སེམས་ཁམས་ལ།། སྐྱིད་སྡུག་འདྲེས་པའི་ལོ་ཟླ་འཁྱིལ།། ངེས་མེད་འཁོར་བ་རང་གཤིས་ཡིན།། དལ་བརྒྱད་འབྱོར་བཅུ་མི་ལུས་ཡིན།། འཁོར་བའི་མཐའ་མེད་ཨ་ཐང་ཆད།། སྐྱོ་བའི་གླུ་ཞིག་ངག་ནས་ཤོར།།

        སྤེལ་དུས། : 2022-02-15
    • བོད་ཀྱི་མགུར་གླུ་གསར་རྩོམ།

      ཤར་ཕྱོགས་རི་བོ་རྩེ་ནས། །
      དཀར་གསལ་ཟླ་བ་ཤར་སོང་། །
      མ་སྐྱེས་ཨ་མའི་ཞལ་རས། །
      ཡིད་ལ་འཁོར་འཁོར་བྱས་སོང་། །

      ཆུང་འདྲིས་ཁྱེད་ལ་ཅི་དགོས། །
      བདག་ལ་འདི་དགོས་གསུང་ཤོག །
      ནམ་མཁའི་སྐར་མ་ཡིན་ན། །
      སྐས་འ

        སྤེལ་དུས། : 2021-12-02
    • སྤྲིན་དཀར་གྱི་འདབ་མ།

      མཐོན་མཐིང་གི་མཁའ་དབྱིངས་སུ། ལང་ལོང་དུ་འཁྲིགས་པ་ནི། སྤྲིན་དཀར་གྱི་འདབ་མ་རེད། ཞོགས་པའི་སྐྱ་རེངས་དབང་ཕྱོགས་ཀྱི་རི་རྩེ་ནས་ཤར་དུས། ཆུ་འཛིན་གྱི་གཞོན་ནུ་དེ། ཉི་ཟེར་གྱི་དགའ་མ་དང་དགར་ངོམ་བཞིན་དུ། རང་གི་ལང་ཚོའི་དམར་མདངས་ཅི་དགར་ངོམ་བཞིན་དུ། ཤར་ཕྱོགས་ཀྱི་མཁའ་མཐའ་མཛེས་པར་བརྒྱན་པ་དང་།

        སྤེལ་དུས། : 2021-10-15
    • བོད་རིག་པའི་རྩོམ་རྩལ་རྒྱང་སྐྱོད་ཀྱི་༢༡༤༨རྩོམ་རིག་འགྲན་སྡུར།༼༤༽བདམས་ཐོན་བརྩམས་ཆོས་རབ་དགུ།

      ཀུན་ཤེ༵ས་ཤེ༵ས་རབ་རལ་གྲིའི་འཕྲུལ་འཁོ༵ར་འཁོ༵ར་བའི་དམུ་ཐག་དུམ་བུར་གཅོད་ལ་བསྒྲེངས་སེ་སྒྲེང་། །
      ཀུན་རི༵ག་རི༵ག་པའི་གླེགས་བམ་འོད་རླ༵བས་རླ༵བས་ཆེན་རྒྱལ་རྣམས་དགེ་བར་བཀྲི་ལ་ཤིགས་སེ་ཤིག །
      ཀུན་ཁྱ༵བ་ཁྱ༵བ་བདག་འཇམ་དཔལ་དབྱངས་ག༵ང་ག༵ང་འདུལ་སྒྱུ་འཕྲུལ་གངས་ཅན་ཞིང་ན་ལྷུམས་སེ་ལྷུམ། །
      ཀུན་མཁ༵ས་མཁ༵ས་མཆོག་སློབ་དཔོན་ཐུ་མི༵་མི༵་ཕྱེད་དད་གསུམ་དྲན་པའི་གཙུག་ན་ལྷངས་སེ་ལྷང་། །

        སྤེལ་དུས། : 2021-10-14
    • ཤིང་ལོའི་འདབ་ཀྱི་འཇོལ་མོ། 

      ལྷད་མེད་དུང་སེམས་ཀྱི་དབྱངས་རྟ།། ལྷང་ལྷང་རྒྱང་རིང་ནས་འབུད་ན།། 
      ཚོར་བའི་ན་ཟུག་གི་མིད་པ།། ཟིམ་ཟིམ་སྤྱན་ཆབ་འདི་ཚ་བ།། 

        སྤེལ་དུས། : 2021-10-11
    • འཕུར་སྐྱོད་ཚོམས་ཀྱི་འགྲན་ཐེངས་༤༤པའི་འོས་བདམས་རྩོམ་ཚན་གསུམ།

      ཚ་གདུག་ལ་གཡོལ་བའི་དྲན་པ་རྙེད། ཆུ་གྲང་ཕོར་བ་གང་གིས་ཡིད་ཀྱི་ངལ་བ་སེལ་ན། མཐའ་ཡས་པའི་རྨི་ལམ་ཡང་ཐག་རིང་ན་མི་འདུགཚེ་ཡི་སྐུད་པ་སྐྲ་ཡི་ཉག་མ་བཞིན་ཕྲའང་། འཇིག་རྟེན་ན་དར་རྒུད་ཀྱི་གཏམ་རྒྱུད་ཤིན་ཏུ་མང་བས། ལུས་ངག་གི་རང་དབང་སྡེབ་ཚོང་དགོས་ས་མ་རེད། 

        སྤེལ་དུས། : 2021-10-08
    • སེམས་བསམ་པ་མཐུན་ན་བདེ་སྐྱིད་ཡིན།

      དྲིན་ཕ་མ་སེམས་ཀྱི་ནོར་བུ་ཡིན། །
      ལོ་རྒས་ནས་ན་ཚོད་ཉམས་ན་ཡང་། །
      ཞེ་བསམ་པས་ཁ་འཇམ་ཚིག་འཇམ་གྱིས། །
      དྲོད་ཉི་ཟླའི་འོད་སྣང་མེད་སོང་ན། །
      དྲིན་འཇལ་སེམས་ཡོད་ཀྱང་འཇལ་ལོང་མེད། །
      དྲིན་དྲན་པ་བྱུང་དུས་འགྱོད་ནི་རེད། །

      ཆུང་བྱམས་པ་སྙིང་གི་མེ་ཏོག་ཡིན། །
      རླུང་བསེར་བུས

        སྤེལ་དུས། : 2021-09-29
    • སྟོན་ཁའི་རོལ་དབྱངས།

      སྟོན་མཚན་ཀུན་གསལ་བཻཌཱུའི་ངོགས་སུ་དགུ་ཚིགས་འཕྲེང་ལྟར་བརྒྱུས་པ་ཡི།།
      དབུས་སུ་མཛེས་སྡུག་རྣམ་པར་བཀྲ་བའི་དཀར་གསལ་དུང་གི་ཟླ་བ་ནི།།
      ལྟ་བས་མི་ངོམས་ལང་ཚོའི་ཆ་ལ་རིག་བྱེད་དབྱངས་ཀྱིས་མི་མཚོན་པར།།
      སྙན་ངག་མཁན་པོའི་པིར་གྱི་རྩེ་ནས་ཅུང་ཙམ་ལུད་པའི་རི་མོ་ཡིས།།

        སྤེལ་དུས། : 2021-09-28
    • ༄༅།སློབ་དཔོན་མཆོད་པའི་བསྟོད་དབྱངས།

      གངས་ཅན་ཤེས་རིག་ཉིན་བྱེད་བསུ་མཛད་དམ་པ་གང་གི་ཡོན་ཏན་སྐུ།།
      སྐུ་གསུང་ཐུགས་ཀྱི་འོད་ཟེར་རིག་བཅུས་གངས་རིའི་མུ་ཁྱུད་འོད་སྲུངས་ཚུགས།།
      ཚུགས་བཞིའི་དུས་ཐོག་ཟིལ་ཆུས་ཞ་ལུ་སྣོད་ལྡན་གཞལ་ཡས་བརྩེ་བསྐྱངས་བའི།།
      དམ་ཚིག་སྡོམ་སོགས་ཕན་མཛད་གང་གི་སློབ་དཔོན་ཞབས་ལ་སྙིང་ནས་འདུད།།

        སྤེལ་དུས། : 2021-09-11
    • གཙང་གི་བུ་མོ་ཞིག་གི་རང་བཞིན་བརྗོད་པ།

      ཉེར་གཅིག་མྱུར་འཕྲིན་ལམ་ནས་མི་སྣ་སྣ་ཚོགས་འཕྲིན་གྱི་ཟུར་ནས་འཕྲད། །
      དང་གི་ཐོག་མའི་ཁམས་བདེ་འཚམས་འདྲིས་བཀྲ་ཤིས་བདེ་ལེགས་འཛུམ་གྱིས་བསུས། །
      ཉིན་གཅིག་ཉིན་གཉིས་སོང་རྗེས་ངོ་ཤེས་གླེང་མོའི་དབྱིངས་སུ་ཚུད་ཅིང་དགོད། །
      ཡིད་གཉིས་མཐུན་ཅིང་ཕན་ཚུན་མཛའ་བརྩེ་ཟབ་མོ་

        སྤེལ་དུས། : 2021-08-23
    • ཀ་རྩོམ་བདུད་རྩིའི་ཐིགས་པ

      ཀ་མད་དབྱངས་ལ་གྱེར་བའི་གླིང་ཀ་འདིར།།ཁ་བརྡ་ཚིག་གིས་ཉི་མ་མི་གཏོང་བར།།ག་ལེར་མ་འོངས་ཕྱོགས་ལ་བསམ་བློ་ཐོངས།།ང་རྒྱལ་ཁེངས་དྲེགས་མ་བྱེད་དུལ་བར་གནས།།ཅ་ཅོའི་འདུ་འཛི་དོར་ནས་སློབ་ལ་བརྩོན།།ཆ་མཐུན་བརྩེ་བས་སྐྱོང་རྒྱུ་ཤིན་ཏུ་གལ།།ཇ་ཁང་ཆང་ཁང་ཉུལ་བ་གླེན་རྟགས་ཡི

        སྤེལ་དུས། : 2021-08-23
    • འཕུར་སྐྱོད་ཚོམས་ཀྱི་འགྲན་ཐེངས་༤༣པའི་འོས་བདམས་རྩོམ་ཚན་གསུམ།

      ཆོས་ས་ལ་མ་སྦྱར་སེམས་ལ་སྦྱོར། (ཨང་དང་པོ།)

      --ཁམས་འབྲོང་རྒོད། ཡུལ་ཤུལ།

      ཆོས་ཞེས་པ་སེམས་རྒྱུད་འཆོས་བྱེད་དུ། །
      མགོན་སངས་རྒྱས་རྣམས་ཀྱིས་གསུངས་པ་རེད། །
      ཆོས་རྡོ་ལ་མ་བརྐོ་སེམས་ལ་རྐོས། །
      ཆོས་རླུང་ལ་མ་བསྒྲོན་སེམས་ལ་སྒྲོན།།

      ཆོས་མེ་ཡིས་མ་བསྐོར་སེམས

        སྤེལ་དུས། : 2021-08-23

ཀློག་གྲངས་མང་ཤོས།

ནང་དོན་གསར་ཤོས།